བོད་ལྗོངས་ཀྱི“དུད་ཚང་སྟོང་ལ་གློག་སྒྲོན་ཁྲིའི”སྤྱི་ཚོགས་ཞབས་ཞུ་རྣམ་གྲངས་ལས་འགོ་ཚུགས་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-05-28   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་དྲ་བ།

 


འདི་ནི་ཟླ5བའི་ཚེས5ཉིན་དང་བླངས་ཞབས་ཞུའི་རུ་ཁག་གི་རུ་མིས་རིན་སྤུངས་རྫོང་ཁང་གཞུང་ཤང་རྩ་ལབ་གྲོང་ཚོའི་ཁྱིམ་ཚང་གི་གློག་སྐུད་ཉམས་བཟོ་བྱེད་པའི་ཚུལ་རེད།

        ཟླ5བའི་ཚེས25ཉིན་བོད་ལྗོངས་སུ་བསྐྱོད་པའི“དུད་ཚང་སྟོང་ལ་གློག་སྒྲོན་ཁྲིའི”གློག་སྐུད་ཉམས་བཟོའི་སྤྱི་ཕན་རྣམ་གྲངས་དངོས་སུ་ལས་འགོ་ཚུགས་ཤིང་།ངོ་སྤྲོད་བྱས་པ་ལྟར་ན། ཀྲེ་ཅང་ཞིང་ཆེན་ཚེ་ཞི་གྲོང་ཁྱེར་ཆན་ཧའེ་ཅུན་དང་བླངས་ཞབས་ཞུའི་ལྟེ་གནས་ཀྱིས་གཞིས་རྩེ་གྲོང་ཁྱེར་རིན་སྤུངས་རྫོང་དུ་བཙུགས་པའི་དང་བླངས་ཞབས་ཞུ་རུ་ཁག་གིས་ཐག་རིང་ས་ཁུལ་གྱི་རོང་འབྲོག་ཁྱིམ་ཚང་གི་གློག་སྤྱོད་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་ཉམས་བཟོ་བྱེད་པའི་འགན་འཁུར་ཡོད།


འདི་ནི་ཟླ5བའི་ཚེས25ཉིན་དང་བླངས་ཞབས་ཞུའི་རུ་ཁག་གི་རུ་མི་རྣམས་རིན་སྤུངས་རྫོང་ཁང་གཞུང་ཤང་རྩ་ལབ་གྲོང་ཚོའི་ཁྱིམ་ཚང་དུ་བསྐྱོད་དེ་གློག་སྐུད་ཉམས་བཟོ་བྱེད་བཞིན་པའི་ཚུལ་རེད།