བདེ་ཆེན་དང་ཡུལ་ཤུལ་ཕན་ཚུན་སྤེལ་རེས་བྱེད་པའི་ཡིག་གཟུཊ་འགྲེམ་སྟོན།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-05-27   རྩོམ་ཁུངས།   

        ཟླ་5ཚེས་18ཉིན་ནས་ཟླ་7པའི་ཚེས་18ཉིན་བར་བདེ་ཆེན་དང་ཡུལ་ཤུལ་ས་ཁུལ་གཉིས་ཀྱི་བོད་ཀྱི་རིག་གནས་ཁྱབ་ཁོངས་ཀྱི་སྤེལ་རེས་མཉམ་ལས་དང་རང་ཁུལ་གྱི་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་གྱི་ཆུ་ཚད་མཐོ་རུ་གཏོང་ཆེད།ཡུལ་ཤུལ་ཁུལ་ཡིག་གཟུགས་མཐུན་ཚོགས་ཀྱི་རྒན་བཀྲ་དགའ་ལགས་གཙོ་བྱས་པའི་ཡིག་གཟུགས་བརྩམས་ཆོས་ཀྱི་སྤེལ་རེས་འགྲེལ་སྟོན་དེ་ཁུལ་དངོས་མང་བཤམས་སྟོན་ཁང་ན་བཤམས་སྟོན་བྱས་ཡོད།ཐེངས་འདིར་བཤམས་སྟོན་བྱས་པའི་ཡིག་གཟུགས་ལ་དབུ་ཅན་དང་དབུ་མེད། འཁྱུག་ཡིག་དང་སུག་རིང་སོགས་ཡིག་གཟུགས་སྣ་ཁ་10ལྷག་ཡོད་པ་རེད།












        འགྲེམ་སྟོན་གྱི་སྐབས་སུ་རྒན་བཀྲ་དགའ་ལགས་ཀྱིས་གསོ་སྦྱོང་འཛིན་གྲྭ་ཞིག་བསྡུས་ཤིང་།ཡུལ་དངོས་ནས་ཁུལ་བོད་ཡིག་སློབ་འབྲིང་དང་ཁུལ་མི་རིགས་འབྲིང་རིམ་ཆེད་གཉེར་སློབ་གྲྭའི་དགེ་རྒན་སོགས་ཡིག་གཟུགས་སྦྱང་བར་དགའ་མོས་ཡོད་པའི་མི་བརྒྱ་ལྷག་གིས་ཡིག་གཟུགས་སློབ་སྦྱོང་བྱས་པ་རེད།