པད་མ་རྫོང་གི་ཁྱད་ལྡན་ཐོན་རྫས

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-05-16   རྩོམ་ཁུངས།    དེ་རིང་གི་པད་མ།

        ཟླ་5ཚེས་10ཉིན་ནས་ཚེས་13ཉིན་བར། "ཇ་བཏུང་བ་ལས་འཚོ་བ་སྔར་ལས་བདེ་ཐང་དུ་གྱུར"ཞེས་པ་བརྗོད་གཞིར་བྱེད་པའི་2018ལོའི་རྒྱལ་སྤྱིའི་ཇ་ལས་འགྲེམས་སྟོན་ཚོགས་འདུ་ཧྲང་ཧའེ་ཕུའུ་ཏུང་འཛམ་གླིང་དངོས་མང་འགྲེམ་སྟོན་ཁང་དུ་སྤེལ་བ་རེད། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པད་མ་རྫོང་གི"བོད་ཇ"ལ"2018ལོའི་ཀྲུང་གོ(ཧྲང་ཧའེ)རྒྱལ་སྤྱིའི་ཇ་ལས་དངོས་མང་སྟོན་ཚོགས"གྱི་ཇ་ཚབ་རིགས་ཀྱི་གསེར་གྱི་བྱ་དགའ་ཐོབ་པ་རེད།


        ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་འགྲེམས་ཚོགས་ལ་རྒྱལ་ཁབ་ཕྱི་ནང་གི་ཁེ་ལས་པ་600ལྷག་ཞུགས་ཡོད་པ་དང་། པད་མ་རྫོང་གི་བོད་ཇ་ཐོན་ལས་ཚད་ཡོད་ཀུང་སི་ནི་མཚོ་སྔོན་ཞིང་ཆེན་གྱི་མཐོ་སྒང་གི་ཇ་ལས་བོད་ཇ་ཁེ་ལས་གཅིག་པུ་དེར་བརྩིས་ནས་ཐེངས་འདིའི་འགྲེམས་ཚོགས་ལ་གདན་ཞུ་པ་བྱས་པ་རེད།