རྒྱལ་ཐང་གི་ཁང་གསར་སྐོར་བྲོའི་ཚིག

རྩོམ་པ་པོ།   ཚེ་རིང་སྒྲོལ་མ།  ཡིག་བསྒྱུར།       དུས་ཚོད།   2018-05-10   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།


གཞས་བ་དགུང་སྔོན་མཐོ་པོ་བཞུགས།

ཨ་རིང་གནམ་ལ་སྐར་མ་ཡག

སང་ཉིན་ས་ལ་དུས་ཚོད་བཟང་།

ཚེས་བཟང་དུས་བཟང་བསམ་ཡས་བཞེངས།

རིན་ཆེན་ས་ཡིས་ས་ཁོད་སྙོམས།

རྩིས་གྲངས་བན་གྱིས་རྩིས་ཐེགས་བརྒྱགས།

མཁས་བའི་བཟོས་ཀྱིས་རྨང་འཆར་བཏབ།

གསེར་ཐག་དངུལ་ཐག་རྨང་ཐག་བརྒྱངས།

དཔའ་བོ་བུ་ཡིས་ས་གདན་བཅད།

མཁར་འགོ་རྡོ་ཡིས་རྨང་རྡོ་བཞག

རྡོ་སིལ་རགས་རབ་རྨང་ཚགས་བརྒྱབ།

ཙན་དན་ཤིང་གིས་གྱང་ཀ་བཙུགས།

ལྷ་ཤུག་ཤིང་གིས་གྱང་གཞུང་སྦྱོར།

ལྕང་དཀར་ཤིང་གིས་གྱང་ཁྱིའུ་རྡབ།

ཨ་ཀ་ཤིང་གིས་གྱང་འགག་བཙུག

སྦ་མདུད་བརྒྱད་ལས་ཀྱིས་གྱང་ཐག་བཙུགས

བལ་སེར་ཤིང་གིས་གྱང་ཐོ་བཟོ།

དཔའ་བོ་དུ་བུ་ཡིས་གྱང་པ་བྱོན།

ཞོལ་མེད་མོ་ཡིས་ས་བ་བྱོན།

ཚེས་གཅིག་ཉི་མས་གྱང་དཔོན་བྱོན།

བཅོ་ལྔའི་ལྷ་མེས་གྱང་བདག་བྱོན།

རིན་ཆེན་ས་ཡིས་ལབ་གཅིག་ལངས།