གོས་གསར་པ་མ་གྱོན་གོང་འཁྲུ་དགོས་སམ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-05-09   རྩོམ་ཁུངས།    བོད་ལྗོངས་ཉིན་རེའི་ཚགས་པར།

    གཅིག གོས་གསར་པ་མ་གྱོན་གོང་ཐེངས་ཤིག་བཀྲུས་རྗེས་གཞི་ནས་གྱོན་ན་ལེགས་སམ།


        གོས་ལ་ཚོས་རྒྱག་སྐབས་ཅ་ཆོན(甲醛)ནི་མེད་དུ་མི་རུང་བ་ཞིག་རེད། གང་ལགས་ཤེ་ན།དེས་གོས་ཀྱི་ཚོས་མི་ལོག་པ་དང་ལྟེབ་གཉེར་མི་ཐེབས་པའི་ཁྱད་ཡོད། གྱོན་གོས་ཡག་སྡུག་གི་ཁྱད་པར་གཙོ་བོ་རྒྱུ་ཆའི་སྤུས་ཚད་ཡག་ཉེས་ཕུད།ད་དུང་ཅ་ཆོན་མང་པོ་འདུས་མིན་ལ་ཐུག་ཡོད།

        ཚང་མས་མཁྱེན་གསལ།ཅ་ཆོན་གྱིས་གཟུགས་པོར་གནོད་པས་གོས་གསར་ཉོས་མ་ཐག་སྔོན་ལ་ཐེངས་ཤིག་བཀྲུས་ན་ཡག་པོ་ཡོད།

        གཉིས། གྱོན་གོས་བཀྲུས་ན་ཚོས་ལོག་མིན་ཤེས་ཐུབ། 


        ང་ཚོའི་ཉེ་འགྲམ་དུ་གནས་ཚུལ་འདི་འདྲ་ཞིག་ཐོན་མྱོང་བ་སྟེ།མི་ཞིག་གིས་གོས་གསར་པ་ཉོས་མ་ཐག་ལམ་སེང་གྱོན་ཅིང་། དགོང་མོ་ཕུད་སྐབས་གཟུགས་པོར་གོས་ཀྱི་ཚོས་གཞི་འགོས་ཡོད།གནས་ཚུལ་འདི་རྒྱུན་དུ་ནས་མཐོང་རྒྱུ་ཡོད་པས། ཧང་སང་དགོས་མེད། ཡིན་ནའང་མི་འདིའི་གཟུགས་པོར་མ་འཕྲོད་ཚེ་འབྲུམ་ཐོར་ཐོན་སྲིད་པ་མ་ཟད།ཐ་ན་ལྤགས་ནད་ཀྱང་ཕོག་སྲིད། 

        གསུམ། ཕྲུ་གུའི་གྱོན་གོས། 


ཕྲུ་གུར་གྱོན་གོས་ཉོ་སྐབས་ངེས་པར་དུ་ཡིད་གཟབ་བྱེད་དགོས་དོན་ནི་ཁོང་ཚོའི་ནད་འགོག་ནུས་པ་དར་མ་ལས་ཞན་པ་དང་ཚོན་མདོག་སྣུམ་པོ་ཚོས་ལོག་སླ་བས་ཁ་དཀར་ཙམ་ཉོ་དགོས་པ་ལས་ཁྲ་ཁྲ་སིལ་སིལ་ཉོ་རྒྱུ་མེད།གཞན་ཡང་། ཕྲུ་གུ་དམར་འབྱར་གྱི་གྱོན་གོས་ཉོ་སྐབས་ཚོང་རྟགས་ལ་ཡིན་གཅིག་མིན་གཅིག་ལྟ་དགོས་པ་དང་Aརིགས་ཡིན་ཕྱིན།སྤྱིར་བཏང་སྐྱོན་ཆེན་པོ་མེད།