ནག་ཆུ་ས་ཁུལ་གྲོང་ཁྱེར་དུ་བསྒྱུར་ནས་བོད་ཀྱི་ས་ཁུལ་རིམ་པའི་གྲོང་ཁྱེར་དྲུག་པར་གྱུར་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-05-09   རྩོམ་ཁུངས།    ཤིན་ཧྭ་དྲ་བ།


ཟླ5པའི་ཚེས7ཉིན། ནག་ཆུ་གྲོང་ཁྱེར་གྱིས་ས་ཁུལ་གྲོང་ཁྱེར་དུ་བསྒྱུར་བའི་སྒོ་བྱང་འགེལ་བའི་མཛད་སྒོ་འཚོགས་པ།

         ཟླ་5པའི་ཚེས་7ཉིན་གྱི་སྔ་དྲོ། བོད་ལྗོངས་ནག་ཆུ་གྲོང་ཁྱེར་དུ་ས་ཁུལ་གྲོང་ཁྱེར་དུ་བསྒྱུར་བའི་མཛད་སྒོ་འཚོགས་ཤིང་།ནག་ཆུ་གྲོང་ཁྱེར་དེ་བོད་ཀྱི་ས་ཁུལ་རིམ་པའི་གྲོང་ཁྱེར་དྲུག་པར་གྱུར་བ་མ་ཟད། མིག་སྔར་རྒྱལ་ཡོངས་སུ་གསར་ཤོས་དང་ས་བབ་མཐོ་ཤོས་ཀྱི་ས་ཁུལ་རིམ་པའི་གྲོང་ཁྱེར་ཡང་རེད།

         དེ་གོང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《བོད་རང་སྐྱོང་ལྗོངས་ཀྱིས་ནག་ཆུ་ས་ཁུལ་གྲོང་ཁྱེར་དུ་བསྒྱུར་རྒྱུར་མོས་མཐུན་བྱ་རྒྱུའི་སྐོར་གྱི་མཆན་བཀོད་བཀའ་ལན》བཀྲམ་ནས་ནག་ཆུ་ས་ཁུལ་གྲོང་ཁྱེར་དུ་བསྒྱུར་རྒྱུའི་ཆོག་མཆན་སྤྲད་དེ་ནག་ཆུ་རྫོང་དེ་གསེར་རྙེད་ཆུས་སུ་བསྒྱུར་བ་དང་དེ་སྔའི་ནག་ཆུ་རྫོང་གི་སྲིད་འཛིན་ས་ཁོངས་དེ་གསེར་རྙེད་ཆུས་ཀྱི་སྲིད་འཛིན་ས་ཁོངས་ཡིན་པ་རེད།