བདེ་ཆེན་དུ་གཞུང་ལམ་ས་ཚིགས་དང་པོ་འཛུགས་བཞིན་འདུག

རྩོམ་པ་པོ།   མི་གསལ།   ཡིག་བསྒྱུར།       དུས་ཚོད།   2018-05-09   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།   ཉེ་སྔོན། བདེ་ཆེན་གྱི་གཞུང་ལམ་ས་ཚིགས་དང་པོ་སྐྲུན་ཚར་ལ་ཉེ་བ་དང་བེད་སྤྱོད་བྱ་རྒྱུ་ཡིན་ཟེར་འདུག ས་ཚིགས་དེ་ནི་འབའ་ལུང་རྫོང་གི་མཐའ་ཆུ་གྲོང་རྡལ་དུ་གནས་ཡོད་པ་རེད།


        གཞུང་ལམ་ས་ཚིགས་ནི་རླངས་འཁོར་བཞག་ས་དང་སྤྱི་སྤྱོད་གསང་སྤྱོད་ཁང་།    ལུས་པོ་འཁྲུད་ས། ངལ་གསོ་རྒྱག་ས།  ཟ་ཁང་། ཞག་སྡོད་ས་སོགས་ཀྱི་ནུས་པ་གཅིག་ཏུ་བསྡུས་པའི་གཞུང་ལམ་ཞབས་ཞུ་བྱེད་ས་ཤིག་རེད།








        དེང་ཕྱིན།   བདེ་ཆེན་ཁུལ་གཞུང་ལམ་ཅུས་ཀྱིས་ཁུལ་ཡོངས་ཡུལ་སྐོར་དར་འཕེལ་འཛུགས་སྐྲུན་དང་མིག་དཔེ་ཅན་གྱི་ཡུལ་སྐོར་གཞུང་ལམ་འཛུགས་སྐྲུན་གྱི་བླང་བྱ་དང་འབྲེལ་ནས།   ཁུལ་ཡོངས་ཀྱི་གཞུང་ལམ་གྱི་ལམ་རྒྱུད་དུ་རིམ་བཞིན་དུ་གཞུང་ལམ་ས་ཚིགས་མང་པོ་འཛུགས་རྒྱུ་རེད།   སྐབས་དེར། སྐད་འཕྲིན་སོགས་སྤྱི་པའི་དྲ་བའི་སྟེགས་བུར་བརྒྱུད་ནས་གཞུང་ལམ་ཕྱིར་ཐོན་སྐོར་གྱི་འབྲེལ་ཡོད་ཆ་འཕྲིན་གཏོང་རྒྱུ་ཡིན་ཏེ་བྱེད་ཐབས་སྣ་མང་གིས་འགྲིམ་འགྲུལ་ཕྱིར་ཐོན་གྱི་ཆ་འཕྲིན་ཞབས་ཞུ་མཁོ་སྤྲོད་བྱ་རྒྱུ་རེད།













གཞུང་ལམ་གྱི་གཡས་གཡོན་དུ་རིག་གནས་བར་ཁྱམས་བཟོས་ཡོད།