ཡུན་ནན་ཞིང་ཨུའི་རྩ་འཛུགས་པུའུ་ཡིས་ཚོགས་འདུའི་སྒྲིག་ལམ་སྐོར་གྱི་བརྡ་ཐོ་པར་འགྲེམས་བྱས།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-05-09   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

         ཉེ་སྔོན།ཞིང་ཨུའི་རྩ་འཛུགས་པུའུ་ཡིས་《ཀྲུང་གུང་ཡུན་ནན་ཞིང་ཨུའི་རྩ་འཛུགས་པུའུ་ཡིས་ཚོགས་འདུའི་སྒྲིག་ལམ་སྔར་ལས་ལྷག་པར་ནན་དུ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ་》ཁྱབ་བསྒྲགས་བྱས་པ་རེད།

        《བརྡ་ཐོའི་》སྟེང་ཚོགས་རའི་སྒྲིག་ལམ་ལ་སྔར་ལས་ནན་ཏུ་བཏང་ཡོད་དེ།ཚོགས་ཞུགས་མི་སྣས་དུས་ལྟར་ཚོགས་འདུར་ཞུགས་དགོས་པ་དང་།དོན་མེད་དུ་ཡུན་རིང་ཚོགས་ར་ནས་བྲལ་མི་ཆོགཆོག་མཆན་མ་ཐོབ་པར་སྔ་མོ་ནས་ཚོགས་ར་ནས་བྲལ་ན།ཚོགས་འདུར་ཞུགས་མེད་པ་ལྟར་ཐག་གཅོད་བྱ་རྒྱུ་ཡིན་པ་རེད།

        ཚོགས་འདུའི་སྐབས་སུ།ཚོགས་ཞུགས་མི་སྣས་ཁ་པར་ལ་ཉན་མི་ཆོག་ལ་དྲ་རྒྱ་ནང་དུའང་འཛུལ་མི་ཆོགཚོགས་འདུ་དང་འབྲེལ་བ་མེད་པའི་མི་སྣ་རང་འདོད་ཀྱིས་ཚོགས་རར་ཡོང་མི་ཆོག

        གཉེན་ཡོལ་གཞུང་ཡིག་ཕུད།གཞི་རྩའི་ཐོག་ཚོགས་རའི་ནང་ཡིག་ཆ་བརྒྱུད་སྐྱེལ་བྱེད་མི་ཆོག གསང་སྲུང་བླང་བྱའི་ཚོགས་འདུར་ཞུགས་སྐབས།ཚོགས་ཞུགས་མི་སྣས་རང་འདོད་ཀྱིས་ཚོགས་འདུའི་ཡིག་ཆ་ཚོགས་ར་ནས་ཁྱེར་བ་དང་ཕྱི་རུ་བརྒྱུད་བསྒྲགས་བྱེད་མི་ཆོགཚོགས་རར་ཞུགས་སྐབས་བླང་བྱ་ལྟར་ལག་ཁྱེར་ཁ་པར་སོགས་འཕྲིན་གཏོང་ཡོ་བྱད་དམིགས་འཛུགས་བྱས་པའི་ས་གནས་སུ་འཇོག་པའམ་ཡང་ན་ལས་བྱེད་མི་སྣར་སྤྲད་ནས་ཉར་ཚགས་བྱེད་དུ་འཇུག་དགོས།

        ཚོགས་ཞུགས་ལས་ཁུངས་ཀྱིས་ངེས་པར་དུ་ཚོགས་འདུའི་བརྡ་ཐོ་གཞིར་བཟུང་གཟབ་ནན་གྱིས་ཚོགས་ཞུགས་ཀྱི་ཁྱབ་ཁོངས་སུ་བརྡ་སྦྱོར་བཏང་དགོས་པ་དང་།སྤྱིར་བཏང་དུ་གནངས་ཞུ་བྱེད་མི་ཆོག་ལ།ཚོགས་འདུར་མི་ཞུགས་པ་དང་ཚབ་ཞུགས་སོགས་བྱེད་མི་ཆོགགཞུང་དོན་སོགས་སྒྲུབ་རྐྱེན་ཚོགས་འདུར་ཞུགས་མི་ཐུབ་ཚེ་ངེས་པར་དུ་འབྲེལ་ཡོད་ཀྱི་གོ་རིམ་ལྟར་གནངས་ཞུ་བྱེད་དགོས།

        ཞིང་ཨུའི་རྩ་འཛུགས་པུའུ་ཡིས་ཚོགས་ཞུགས་གནས་ཚུལ་ཐོ་འགོད་དང་བརྡ་ཁྱབ་གཏོང་བའི་ལམ་ལུགས་སྒྲིག་འཛུགས་དང་དོན་འཁྱོལ་བྱེད་དགོས།རྩ་འཛུགས་ལས་ཀར་ཤུགས་ཐོན་པོ་མེད་པའི་ལས་ཁུངས་དང་སྒྲིག་ལམ་ལྷོད་པའི་ཚོགས་ཞུགས་མི་སྣར་སྐྱོན་བརྗོད་བརྡ་ཁྱབ་གཏོང་བའམ་ཡང་ན་འགན་འཁྲི་བདའ་འདེད་བྱེད་རྒྱུ་རེད།