བྲོ་གར་《གངས་ལྗོངས་ཀྱི་མཁའ་ལམ་》འཁྲབ་ནས་མཚོ་བོད་ལྕགས་ལམ་སྐྲུན་མཁན་བསྟོད་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-05-06   རྩོམ་ཁུངས།    ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

        ཀྲུང་གོ་ལྕགས་ལམ་རིག་རྩལ་ཚོགས་པས་གསར་རྩོམ་བྱས་པའི་བྲོ་གར《གངས་ལྗོངས་ཀྱི་མཁའ་ལམ》པེ་ཅིང་དུ་དངོས་སུ་འཁྲབ་སྟོན་བྱེད་འགོ་ཚུགས་ཤིང་། བྲོ་གར་དེ་ནི་མཚོ་བོད་ལྕགས་ལམ་སྐྲུན་མཁན་མི་རབས་གསུམ་གཙོ་བོར་བྱས་ནས་དུས་རབས་ལས་བརྒལ་བའི་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་ལ་བསྟོད་གླུ་ཕུལ་བ་ཞིག་རེད།

        མཚོ་བོད་ལྕགས་ལམ་ནི་ཤར་མཚོ་སྔོན་ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་ཟི་ལིང་ནས་ལྷོ་བོད་རང་སྐྱོང་ལྗོངས་ཀྱི་ལྟེ་བའི་གྲོང་ཁྱེར་ལྷ་ས་བར་ཡིན་ཞིང་། ལམ་ཐག་སྤྱི་ལེ་1956ཟིན་པ་དེ་ནི་འཛམ་གླིང་ཐོག་ས་བབ་མཐོ་ཤོས་དང་ལམ་ཐག་རིང་ཤོས་ཀྱི་ས་མཐོའི་ལྕགས་ལམ་ཡིན་པ་དང་། 2006ལོའི་ཟླ་7པར་དངོས་སུ་གཉེར་སྐྱོང་བྱེད་འགོ་ཚུགས་པ་རེད།

        འཁྲབ་ཁྲིད་པ་ཝང་ཏོའོ་ཡིས《གངས་ལྗོངས་ཀྱི་མཁའ་ལམ》ནི་ཁྱིམ་ཚང་གཅིག་གི་མི་རབས་གསུམ་གྱི་གཏམ་རྒྱུད་དངོས་གཞིར་བཟུང་གསར་རྩོམ་བྱས་པ་ཞིག་ཡིན་ཏེ། “སྤོ་བོ”ནི་འཛུགས་སྐྲུན་གྱི་དུས་འགོའི་ལག་རྩལ་རྩད་གཅོད་པ་དང་། “བུ”ནི་འཛུགས་སྐྲུན་དུས་དཀྱིལ་གྱི་ཚན་ཞིབ་ལས་དོན་པ། “ང”ནི་མེ་འཁོར་ཤར་གཏོང་ཐུབ་རྗེས་ཀྱི་གཉེར་སྐྱོང་བ་ཡིན་པ་བཅས་ལས་མི་རབས་གསུམ་གྱི་ཉམས་མྱོང་ལ་དུས་རབས་ཀྱི་ཉམས་སད་ཐེག་ཅིང་ཁོང་ཚོའི་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་དུས་རབས་ལས་བརྒལ་ཡོད་ཅེས་ངོ་སྤྲོད་བྱས།