ཏན་ཁྲོན་བོད་ཞིང་ཆེན་གསུམ་ས་འབྲེལ་གྱི་རྫོང་དང་གྲོང་ཁྱེར་དགུ་ཡི་གསར་གཏོད་རོགས་ལས་གྲོས་ཚོགས་འཚོགས་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-05-04   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

   



         སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཉེ་སྔོན།ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་མོས་མཐུན་བྱས་པ་བརྒྱུད།འཇོལ་རྫོང་གིས་སྣེ་ཁྲིད་ནས་ཏན་ཁྲོན་བོད་ཞིང་ཆེན་གསུམ་ས་འབྲེལ་གྱི་རྫོང་དང་གྲོང་ཁྱེར་དགུ་ཡི་སྐབས་ཐོག་མའི་ལྔ་འབྲེལ་གསར་གཏོད་རོགས་ལས་གྲོས་ཚོགས་འཚོགས་པ་རེད།

          ཏན་ཁྲོན་བོད་ཞིང་ཆེན་གསུམ་ས་འབྲེལ་གྱི་སྨར་ཁམས་རྫོང་དང་མཛོ་སྒང་རྫོང་།རྫ་ཡུལ་རྫོང་།འབའ་ཐང་རྫོང་།སྡེ་རོང་རྫོང་། ཀུང་ཧྲན་རྫོང་།སེམས་ཀྱི་ཉི་ཟླ་གྲོང་ཁྱེར།འབའ་ལུང་རྫོང་།འཇོལ་རྫོང་བཅས་རྫོང་དང་གྲོང་ཁྱེར་དགུ་ཡི་ཏང་ཨུ་སྲིད་གཞུང་གི་འགན་ཁུར་མི་སྣ་70ལྷག་ཐེངས་འདིའི་གྲོས་ཚོགས་སུ་ཞུགས་ནས།ཀྲུང་དབྱང་གི་བོད་སྐྱོང་མཛད་ཇུས་དོན་འཁྱོལ་མཐར་ཕྱིན་བྱ་རྒྱུར་དམིགས་ནས་མཉམ་འབྲེལ་ལྔ་སྐུལ་འདེད་དང་རོགས་ལས་གསར་སྐྲུན་བྱས་ཏེ།ཤམ་བྷ་ལ་ཆེན་མོའི་ཡུལ་སྐོར་ཁུལ་འདི་ཉིད་འཆམ་མཐུན་ཁྱིམ་གཞི་དང་བདེ་འཇགས་བར་ཁྱམས་གྱི་བོད་ཁུལ་གསར་བ་འཛུགས་སྐྲུན་བྱེད་རྒྱུར་ཕན་ཚུན་ཞིབ་གྲོས་སྤེལ་རེས་བྱས་ནས།མཛམ་བརྩེ་ཟབ་མོ་འཛུགས་པ་རེད།