ཨ་མའི་འོ་མ་ལ་དགེ་མཚན་གང་ཡོད་དམ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-05-03   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།


(1)ཨ་མའི་འོ་མའི་ནང་ཟླ་4ནས་6དྲུག་བར་གྱི་ཕྲུ་གུར་དགོས་པའི་འཚོ་བཅུད་དངོས་པོ་ཚང་མ་ཡོད།

(2)ཨ་མའི་འོ་མའི་ནང་ཕྲུ་གུར་དགོས་ངེས་ཀྱི་སྤྲི་དཀར་དང་ཚིལ་ཡོད།

(3)ཨ་མའི་འོ་མའི་ནང་འོ་མ་གཞན་ལས་འདུས་ཚད་མང་བའི་མིའི་གཟུགས་པོར་མཁོ་བའི་མངར་ཆ་ཡོད།

(4)ཨ་མའི་འོ་མའི་ནང་འཚོ་བཅུད་འདང་ངེས་ཡོད་པས་ཨ་མའི་འོ་མ་སྟེར་བའི་ཕྲུ་གུར་འཚོ་བཅུད་དང་ཤིང་ཏོག་ཁུ་བ་གསབ་མི་དགོས་།

(5)ཨ་མའི་འོ་མའི་ནང་འཚོ་བཅུད་ལྕགས་འདང་ངེས་ཡོད་པས་འདུས་ཚད་མཐོ་པོ་མེད་རུང་ཕྲུ་གུས་འཚོ་བཅུད་ལེན་སླ་བས་ཨ་མའི་འོ་མ་སྟེར་བའི་ཕྲུ་གུར་འཚོ་བཅུད་ལྕགས་མི་འདང་བའི་རང་བཞིན་གྱི་ཟུངས་ཁྲག་ཉམས་པའི་གནས་ཚུལ་ཐོན་མི་སྲིད།

(6)ཨ་མའི་འོ་མའི་ནང་རླན་ཚད་ཆེ་བས་གནམ་གཤིས་ཚ་བ་ཆེ་བའི་དུས་སུའང་ཕྲུ་གུར་རླན་ཚད་མི་འདང་བ་བྱེད་མི་སྲིད། དེའི་ནང་འོས་འཚམ་གྱི་ཚྭ་དང་། ཀའེ། ལིན་བཅས་ཡོད།

(7)ཨ་མའི་འོ་མའི་ནང་ཕྲུ་གུའི་ཀླད་ཆེན་འཚར་སྐྱེར་མཁོ་བའི་ཨན་གཞི་སྐྱུར་ཡོད་པས་ཕྲུ་གུའི་ཀླད་ཆེན་འཚར་སྐྱེར་ཕན་པ་ཡོད།

(8)ཨ་མའི་འོ་མ་སྟེར་བའི་ཕྲུ་གུར་མི་བཟོས་འོ་ཕྱེ་སྟེར་བའི་ཕྲུ་གུ་ལས་བཤལ་ནད་ཕོག་ཉུང་བ་དང་ཆབས་ཅིག དབུགས་ལམ་དང་རྣ་སྐྱིའི་གཉན་ཚད་ཕོག་ཉུང་བ་ཡོད། དེ་ནི་ཨ་མའི་འོ་མར་གཉེན་ཚད་གཅོག་པའི་ནུས་པ་ཡོད་པས་རེད།