“ལྔ་གཅིག”རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་ལ་ང་ཚོས་མཉམ་དུ་ངལ་རྩོལ་གྱི་སྤྲོ་སྤྱིད་ལ་རོལ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-05-03   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        ང་ཚོའི་དུས་རྒྱུན་གྱི་ཟ་མ་དང་གོན་པ་ཡོད་ཚོད་ངལ་རྩོལ་ལས་ཐོབ་པ་ཡིན་ལ། “ལྔ་གཅིག་”རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན་གྱི་གུང་གསེང་གི་ཉིན་འདི་དག་ལ་ཡང་ལས་རིགས་སོ་སོའི་ངལ་རྩོལ་བ་མང་བོས་གུང་གསེང་ལ་མ་རོལ་བར་དུས་རྒྱུན་བཞིན་ལས་གནས་བརྟན་སྲུང་བྱས་ཡོད་པ་རེད།  ཁོ་ཚོས་ངལ་རྩོལ་གྱི་ཁྲོད་ནས་དུས་སྟོན་ལ་རོལ་བཞིན་ཡོད་ལ། བློས་གཏོང་གི་ཁྲོད་ནས་ཐོན་འབབ་ལེན་པ་ཞིག་ཡིན། སྤྱིར་བཏང་ཡིན་པའི་འཚོ་བ་དང་ཐོན་སྐྱེད། བྱ་བའི་ཁྲོད་ནས་བདེ་ཆེན་གྱི་སྙིང་སྟོབས་ལག་ལེན་དང་དར་སྤེལ་བྱེད་བཞིན་ཡོད། རང་ཉིད་ཀྱི་བྱ་སྤྱོད་ཀྱིས་ངལ་རྩོལ་ནི་གཟི་བརྗིད་དང་ངལ་རྩོལ་ནི་རླབས་ཆེན། ངལ་རྩོལ་གྱིས་ལོ་རྒྱུས་གསར་དུ་བསྐྲུན་པ་དང་ངལ་རྩོལ་གྱིས་བདེ་སྐྱིད་ཀྱི་འཚོ་བ་བསྐྲུན་པ་དོན་སྙིང་ཆེན་པོ་བསྟན་ཡོད་དེ་ཁོ་ཚོར་སྙིང་ནས་གུས་འདུན་ཞུ། 


         གུང་གསེང་ལ་ལས་གནས་སྲུང་བ་རྒྱུན་ལྡན་དང་ནད་པ་སླར་གསོ་ཐུབ་པ་ནི་བདེ་སྐྱིད་ཡིན། སེམས་ཀྱི་ཉི་ཟླ་གྲོས་ཁྱེར་ཅིན་ཅང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་གི་ཁྲིན་སྨན་པས་ངལ་རྩོལ་དུས་ཆེན་ལ་ང་ཚོས་དུས་རྒྱུན་བཞིན་ངལ་རྩོལ་བྱེད་དགོས་ལ། ནད་པར་དུས་ལྟར་སྨན་བཅོས་བྱེད་ཐུབ་པ་དང་དུས་ལྟར་སྨན་བསྟེར་ཐུབ་པ་བྱས་ཏེ། ནད་པ་སླར་གསོ་ལེགས་པོ་བྱུང་བ་ནི་ང་ཚོའི་དུས་ཆེན་སྐབས་ཆེས་བདེ་སྐྱིད་ལྡན་པའི་དོན་དག་རེད་ཅེས་བཤད། ལྔ་གཅིག་དུས་ཆེན་གྱི་སྐབས་སུ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཅིན་ཅང་གྲོང་རྡལ་འཕྲོན་བསྟེན་ཁང་གི་སྨན་པས་རང་ཉིད་ཀྱི་ལས་གནས་བརྟན་སྲུང་བྱས་ཡོད་ལ། སྨན་པ་སྐོར་ཞིག་ཅིན་ཅིང་གྲོང་རྡལ་ཀླུ་ཆུ་དམངས་ཁྲོད་རིག་གནས་རྒྱུ་རྩལ་དུས་ཆེན་གྱི་ཡུལ་དངོས་ལ་སོང་ནས་ཡུལ་དངོས་ནས་ཨེ་འགོག་འཕྲོད་བསྟེན་གྱི་ཤེས་བྱ་དྲིལ་བསྒྲགས་བྱས་པ་རེད། 


         ཟླ་5བའི་ཚེས་1ཉིན་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ཉི་ཤར་ཅིང་ཏོང་གྲོང་ཚོའི་ཧྲིན་ལེའུ་གྲོང་མིའི་ཚོ་ཆུང་ནས་ཡིན་པའི་བོད་པ་བུད་མེད་པདྨ་སྔ་མོ་ནས་ཞིང་ཡང་ཞིང་བའི་ཐོན་རྫས་ཚོང་རར་ཡོང་ནས་ཞོག་ཁོག་བཙོང་བཞིན་ཡོད། ཁོ་མོས་ཉིན་འདི་དག་ལ་ཚོང་ཡག་པོ་འདུག མང་ཚོགས་ལ་མཚོན་ནས་བཤད་ན་ཉིན་རྒྱུན་ངལ་རྩོལ་གྲུབ་འབྲས་ཡོད་པ་དེ་ཆེས་དགའ་འོས་པའི་དོན་དག་ཡིན་ཞེས་བཤད། 


         ཟླ་5བའི་ཚེས་1ཉིན། འཇོལ་རྫོང་ཀོང་རྩེད་ར་གྲོང་རྡལ་ཀོང་རྩེད་ར་སྡོད་ཁུལ་ནས་ཡིན་པའི་བཀྲ་ཤིས་ལྷ་མོ་བཟའ་མི་ཡོངས་ཀྱིས་རྒུན་འབྲུམ་ར་བ་ན་རྒུན་འབྲུམ་གྱི་ལོ་མ་བཅོས་ནས། རྒུན་འབྲུམ་གྱི་ཐོན་འབོར་དང་རྒྱུ་སྤུས་ཁག་ཐག་བྱེད་བཞིན་ཡོད།