《མེ་ལོང་ཀུན་གསལ་》ཞེས་པ་དཔེ་སྐྲུན་འགྲེམ་སྤེལ་བྱེད་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-05-02   རྩོམ་ཁུངས།    མི་དམངས་དྲ་བ།

         ཉེ་ཆར། 《མེ་ལོང་ཀུན་གསལ་》ཞེས་པའི་དཔེ་དེབ་སི་ཁྲོན་དཔེ་སྐྲུན་ཚོགས་པ་དང་། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམ་སྤེལ་བྱས་པ་རེད། དེ་ནི་མཚོ་སྔོན་ཞིང་ཆེན་བོད་སྐད་རླུང་འཕྲིན་བརྙན་འཕྲིན་གྱི་ལེ་ཚན་ལ་བྱ་དགའ་སྤྲོད་པའི་དཔྱད་བསྡུར་ཚོགས་འདུའི་ཐོག་གི་སྐབས་དོན་སྲིད་དོན། རྒྱང་བསྒྲགས། མདོ་འཛིན། ཡིག་སྒྱུར། གསར་འགོད། རྩོམ་སྒྲིག སྒྲིག་བཟོ་སོགས་ཀྱི་ཕྱོགས་སོ་སོ་ནས་བྱ་དགའ་ཐོབ་པའི་དཔྱད་རྩོམ་ལེགས་གྲས་བདམས་བསྒྲིགས་བྱས་པའི་དཔེ་དེབ་ཞིག་ཡིན་པ་རེད། 


 

         བོད་སྐད་རླུང་འཕྲིན་བརྙན་འཕྲིན་ནི་ཀྲུང་གོའི་རླུང་འཕྲིན་བརྙན་འཕྲིན་གྱི་སྟོབས་ཤུགས་གཙོ་བོ་གཅིག་ཡིན་པ་དང་། བོད་སྐད་རླུང་འཕྲིན་བརྙན་འཕྲིན་ནི་ཀྲུང་གོའི་རླུང་འཕྲིན་བརྙན་འཕྲིན་ལེ་ཚན་ཁྲོད་ཀྱི་དམིགས་བསལ་གྱི་རིགས་ཤིག་ཀྱང་ཡིན་ཞིང་། དེ་ནི་ཏང་གི་མི་རིགས་སྲིད་ཇུས་ཏེ་རླུང་འཕྲིན་བརྙན་འཕྲིན་གྱི་ཁྱབ་ཁོངས་སུ་ཞིབ་ཕྲ་གནས་ཚུལ་མཚོན་བྱེད་ཡིན་པ་རེད། 
         གོམ་གང་མདུན་སྤོས་ངང་བོད་སྐད་རླུང་འཕྲིན་བརྙན་འཕྲིན་གྱི་ལས་སྒྲུབ་པའི་སྤུས་ཚད་ཇེ་མཐོར་གཏོང་ཆེད། མཚོ་ནུབ་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་བོད་སྐད་ལྟེ་གནས་ཀྱི་སྤྱི་ཁྱབ་ལྟ་སྐུལ་བ། ཞུས་ཆེན་དོན་གྲུབ་ཚེ་རིང་དང་རྩོམ་སྒྲིག་པ་རིན་ཆེན་དོན་འགྲུབ་གཉིས་ཀྱིས་མཚོ་སྔོན་ཞིང་ཆེན་བོད་སྐད་རླུང་འཕྲིན་བརྙན་འཕྲིན་ལེ་ཚན་ལ་བྱ་དགའ་སྤྲོད་པའི་དཔྱད་བསྡུར་ཚོགས་འདུའི་ཐོག་གི་ཕུལ་བྱུང་བརྩམས་ཆོས་ནང་གི་བྱ་དགའ་ཐོབ་པའི་དཔྱད་རྩོམ་ལེགས་གྲས་བདམས་བསྒྲིགས་བྱས་ནས། རྒྱ་ཆེ་བའི་བོད་སྐད་རླུང་འཕྲིན་བརྙན་འཕྲིན་གྱི་ལས་ཀ་བྱེད་མཁན་ལ་འཁྲབ་གཞུང་དང་པར་ལེན། རྒྱང་བསྒྲགས། མདོ་འཛིན། ཡིག་སྒྱུར། གསར་འགོད། རྩོམ་སྒྲིག སྒྲིག་བཟོ་སོགས་ཀྱི་ཐད་ལ་སློབ་སྦྱོང་དང་དཔྱད་གཞི་ཡིག་ཆ་མཁོ་འདོན་བྱས་ནས། གོམ་གང་མདུན་སྤོས་ངང་བོད་སྐད་རླུང་འཕྲིན་བརྙན་འཕྲིན་གྱི་ལེ་ཚན་གྱི་སྤུས་ཚད་ཇེ་མཐོར་བཏང་ཞིང་། འབྱོར་ཕྱུག་ཤེས་དཔལ་དང་ཞི་མཐུན་བོད་ཁུལ་འཛུགས་སྐྲུན་ལ་ནུས་པ་གལ་ཆེན་ཐོན་ཡོད་པ་རེད།