འབའ་ལུང་རྫོང་གིས་ཡུལ་སྐོར་ལས་རིགས་རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་བ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-04-25   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

       སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ད་ལོ་ནས་བཟུང་།འབའ་ལུང་རྫོང་གིས་ཕུན་སུམ་ཚོགས་པོའི་ཡུལ་སྐོར་ཐོན་ཁུངས་ལ་བརྟེན་ནས།ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་ཆས་སྐྲུན་ཤུགས་ཆེ་རུ་གཏོང་བ་དང་ཡུལ་སྐོར་ཁྱབ་སྤེལ་བྱེད་ཤུགས་ཆེ་རུ་གཏོང་བ།ཡུལ་སྐོར་གྱི་ཞབས་ཞུ་ལེགས་སུ་གཏོང་བ།ཡུལ་སྐོར་ཁོར་ཡུག་སྐྱིད་པོར་འགྱུར་བ་བཅས་བྱས་ཏེ།ཡུལ་སྐོར་ལས་རིགས་རྒྱུན་མཐུད་ཀྱིས་བདེ་བླག་ངང་འཕེལ་རྒྱས་གཏོང་བ་རེད།

        སྔོན་མའི་དུས་ཚིགས་གསུམ་དུ།རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་105.9སྣེ་ལེན་བྱས་ཏེ།དུས་མཉམ་ལས་2.86%འཕར་བ་དང་།ལོ་འཁོར་དམིགས་འབེན་གྱི་60.17%ལེགས་གྲུབ་བྱུང་བ།དེའི་ནང་རྒྱལ་ཕྱིའི་ཡུལ་སྐོར་བ་མི་ཐེངས་ཁྲི་9.59ཡོད་དེ།དུས་མཉམ་ལས་2.4%འབབ་པ།རྒྱལ་ནང་གི་ཡུལ་སྐོར་བ་མི་ཐེངས་96.31ཡོད་དེ།དུས་མཉམ་ལས་2.9%འཕར་བ།ཡུལ་སྐོར་ལས་རིགས་ཀྱི་སྤྱིའི་ཡོང་འབབ་སྒོར་ཁྲི་81662.75མངོན་འགྱུར་བྱས་ཏེ།དུས་མཉམ་ལས་1.6%འབབ་པ་དང་ལོ་འཁོར་དམིགས་འབེན་གྱི་54.50%ལེགས་གྲུབ་བྱུང་བ་རེད།