འཛམ་གླིང་དཔེ་ཀློག་ཉིན་མོ།

རྩོམ་པ་པོ།   སྒྲོལ་མ།  ཡིག་བསྒྱུར།       དུས་ཚོད།   2018-04-23   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        དེ་རིང་ནི་འཛམ་གླིང་དཔེ་ཀློག་ཉིན་མོ་ཡིན་ལ།  ཁྱེད་ཀྱིས་དཔེ་དེབ་ཀློག་ཨེ་ཡོད།


        ཚན་རིག་ལག་རྩལ་འཕེལ་རྒྱས་ཆེན་པོ་བྱུང་བའི་དུས་འདིར།   མི་རྣམས་ཀྱིས་དུས་ཡུན་མི་ཉུང་བ་ཞིག་ནི་ལག་ཁྱེར་ཁ་པར་དང་གློག་ཀླད་རྩེད་ནས་སྡད་བཞིན་ཡོད་ལ།  དཔེ་དེབ་ནི་རིམ་བཞིན་མི་རྣམས་ཀྱིས་འཚོ་བའི་ཁྲོད་ཇེ་ཉུང་དུ་འགྲོ་ཡོད།   ང་ཚོས་རང་རང་ལ་མཚོན་ནས་བཤད་ན།   ཁྱེད་ཀྱིས་དུས་ཡུན་ག་ཚད་ལ་དཔེ་དེབ་ཀློག་མ་མྱོང་།

        འཛམ་གླིང་དཔེ་ཀློག་ཉིན་མོ་ནི་1995ལོར་མཉམ་འབྲེལ་རྒྱལ་ཚོགས་ཚན་སློབ་རིག་གསུམ་རྩ་འཛུགས་ཀྱིས་ལོ་ལྟར་གྱི་ཟླ་4པའི་ཚེས་23ཉིན་ནི་འཛམ་གླིང་དཔེ་ཀློག་ཉིན་མོ་ཡིན་པ་དྲིལ་བསྒྲགས་བྱས་པ་རེད།  དེའི་དམིགས་ཡུལ་གཙོ་བོ་ནི་སའི་གོ་ལ་ཐོག་གནས་ཡོད་པའི་མི་ཞིག་ཡིན་ན།ན་གཞོན་དང་རྒན་པ། དབུལ་པོ་དང་ཕྱུག་པོ།  ན་ཚ་ཕོག་བ་དང་བདེ་ཐང་སོགས་གང་འདྲ་ཡིན་རུང་།  དཔེ་ཀློག་ལ་རོལ་པ་དང་དེ་ལས་བྱུང་བའི་དགའ་སྣང་ལོངས་སུ་སྤྱོད་པར་སྐུལ་སློང་གཏོང་བ་དེ་ཡིན།


        དཔེ་དེབ་མང་པོ་ཀློག་ན་མི་རྣམས་ཤེས་བྱ་མང་བ་དང་མིག་རྒྱ་བསྐྱེད་པ།  སྔོན་བྱོན་མེས་པོ་རྣམས་ཀྱི་ཉམས་མྱོང་སྦྱོང་བ་སོགས་ཕན་ནུས་མང་པོ་ལྡན་ལ།  དཔེ་དེབ་མང་པོ་ཀློག་ན་ཕན་ནུས་དེ་བས་མང་པོ་ཐོབ་སྲིད།

དུས་རབས་འཕེལ་རྒྱས་ཆེན་པོ་བྱུང་བའི་དུས་འདིར།   ང་ཚོས་ཡིན་གཅིག་མིན་གཉིས་དཔེ་ཆ་བཟུང་ནས་ཀློག་དགོས་པའི་ངེས་པ་མེད་ལ།  ལག་ཁྱེད་ཁ་པར་དང་གློག་ཀླད་སོགས་ཚན་རྩལ་གྱི་ཐོན་རྫས་མང་པོའི་ཐོག་དཔེ་དེབ་ཀློག་ཆོག    བྱེད་ཐབས་གང་འདྲ་ལ་བརྒྱུད་རུང་ང་ཚོས་དཔེ་དེབ་ཀློག་པ་དེ་འཚོ་བའི་ཁྲོད་ཀྱི་གོམས་གཤིས་ཞིག་ཏུ་འགྱུར་བཅུག་ན་གནོད་ས་ལས་ཕན་ས་མང་བ་སྙམ།    དེ་བས།   དུས་དེ་རིང་ནས་བཟུང་ང་ཚོས་མཉམ་དུ་དཔེ་ཀློག་ལ་གོམས་པར་འབད།