ཀྲུང་ཧྭའི་བཀའ་བསྟན་བོད་ཡིག་དཔེ་བསྡུར་མའི་ལས་སྒྲིལ་ཚོགས་འདུ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-04-20   རྩོམ་ཁུངས།    ཀྲུང་གོའི་བོད་ལྗོངས་དྲ་བ།


        ཟླ་4ཚེས་17ཉིན། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་《ཀྲུང་ཧྭའི་བཀའ་བསྟན་བོད་ཡིག་དཔེ་བསྡུར་མའི་》གློག་རྡུལ་པར་མའི་ལས་སྒྲིལ་དཔྱད་ཞིབ་ཚོགས་འདུ་བསྡུས་ནས།གློག་རྡུལ་པར་མར་ཆེས་མཐའ་མཇུག་གི་བསམ་འཆར་བསྡུ་ལེན་བྱས། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་ཀྲུང་གོའི་བོད་བརྒྱུད་མཐོ་རིམ་ནང་བསྟན་སློབ་གླིང་།ཀྲུང་གོའི་བོད་ལྗོངས་དུས་དེབ་ཁང་། ཀྲུང་དབྱང་མི་རིགས་སློབ་ཆེན། མི་རིགས་དཔེ་སྐྲུན་ཁང་།གློག་རྡུལ་བཟོ་ལས་དཔེ་སྐྲུན་ཁང་སོགས་སྡེ་ཚན་གྱི་ཆེད་ལས་མཁས་པ་50ལྷག་ཙམ་ཚོགས་འདུར་ཞུགས།ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་འབྲེལ་ཡོད་དབུ་ཁྲིད་ཚོགས་འདུར་ཞུགས།


ཚོགས་འདུའི་ཡུལ་དངོས།

        བོད་རིག་པ་ཞིབ་འཇུག་གི་《ཀྲུང་ཧྭའི་བཀའ་བསྟན་བོད་ཡིག་དཔེ་བསྡུར་མའི་》པར་གཞི་ནི་བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་གྱི་རིག་གནས་ཀྱི་ལས་གཞི་གལ་ཆེན་ཞིག་ཡིན།མིག་སྔའི་བོད་ཡིག་གནའ་དཔེ་སྲུང་སྐྱོབ་དང་འཕེལ་རྒྱས་ཐད་ཀྱི་གྲུབ་འབྲས་ཆེ་ཤོས་དེ་ཡིན་པ་མཚོན་ཡོད།ཞིབ་འཇུག་པའི་ཁྱབ་ཁོངས་དང་ནང་བསྟན་ལས་རིགས་ཁྲོད་དགའ་བསུ་ཆེན་པོ་ཐོབ། 《ཀྲུང་ཧྭའི་བཀའ་བསྟན་བོད་ཡིག་དཔེ་བསྡུར་མའི་》གློག་རྡུལ་པར་མ་ནི་དཔེ་བསྡུར་མ་པར་བསྐྲུན་རྗེས་སུ་ཐོབ་པའི་གྲུབ་འབྲས་གལ་ཆེན་གཞན་ཞིག་ཡིན།གྲུབ་འབྲས་འདིས་དུས་རབས་གསར་པར་རང་རྒྱལ་གྱིས་བོད་ཀྱི་རྩ་ཆེའི་ལོ་རྒྱུས་རིག་གནས་ཤུལ་བཞག་སྔོག་འདོན་དང་མྱུར་སྐྱོབ།ལེགས་སྒྲིག་བྱས་པ་དང་། བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ།ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་བང་མཛོད་ཕུན་སུམ་ཚོགས་པར་འགྱུར་བར་གྲུབ་འབྲས་གསར་བ་ཐོབ་པས།“བོད་ཀྱི་སྲོལ་རྒྱུན་རིག་གནས་རྩ་མེད་དུ་བཏང་”བའི་གཏམ་འཆལ་ལ་དགག་པ་ཚ་ནན་བརྒྱབ་པ་དང་།བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་“ཞབས་ཞུ་གཉིས་”ཀྱི་དམིགས་ཡུལ་གསལ་བོ་མངོན་ཡོད། དུས་མཚུངས་སུ་དཔའ་འབར་བརྒྱུད་སྤྲོད་དང་མི་རབས་ནས་མི་རབས་བར་ལྟ་སྲུང་།དུས་བསྟུན་འཕེལ་རྒྱས། རྙིང་འབུད་གསར་འདོན་གྱི་རིག་གཞུང་གི་སྙིང་སྟོབས་མཚོན་ཡོད།

 

《ཀྲུང་ཧྭའི་བཀའ་བསྟན་བོད་ཡིག་དཔེ་བསྡུར་མའི་》གློག་རྡུལ་པར་མའི་བོད་ཡིག་གི་གཞུང་དངོས།

        ལས་སྒྲིལ་དཔྱད་ཞིབ་ཚོགས་འདུའི་སྟེང་།   ཆེད་ལས་མཁས་པ་རྣམས་ཀྱིས་《ཀྲུང་ཧྭའི་བཀའ་བསྟན་བོད་ཡིག་དཔེ་བསྡུར་མའི་》གློག་རྡུལ་པར་མ་ལ་གདེང་འཇོག་ཚད་མཐོ་དང་གཅིག་གྱུར་གྱིས་ཁས་ལེན་གནང་།གློག་རྡུལ་པར་མའི་ནང་དོན་ཆ་ཚང་ལ་པར་གཞི་ཚད་ལྡན་ཡིན་པ་དང་། བཀའ་བསྟན་དཔེ་བསྡུར་མའི་མ་ཡིག་གཞིར་བཟུང་སྟེ་སྔ་མའི་ནང་དོན་དང་རྣམ་པ་རྒྱུན་འཛིན་བྱས་ཡོད་པས།སྔ་མའི་ཤོག་བུའི་པར་མའི་ཆ་ཚང་རང་བཞིན་དང་དབང་གྲགས་རང་བཞིན་འགན་ལེན་བྱས་ཡོད། དུས་མཚུངས་སུ་འཁྱེར་བདེ་བ་དང་ནང་འཇུག་བྱེད་བདེ་བ།བཀོལ་སྤྱོད་སྟབས་བདེ་ཞིང་མྱུར་བ་མ་ཟད། གཞུང་ཧྲིལ་པོའི་ཡི་གེ་དཔྱད་འཚོལ་དང་འདྲ་བཤུ།རང་འགུལ་གྱིས་ཞབས་མཆན་འགོད་ཆོག་པ་སོགས་ཀྱི་བྱེད་ནུས་ལྡན་པས་རྒྱ་ཆེའི་ཀློག་པ་པོ་དང་ཞིབ་འཇུག་མི་སྣས་ཞིབ་འཇུག་དང་ཀློག་འདོན་བྱེད་པར་སྟབས་བདེ་ཆེན་པོ་བསྐྲུན།གློག་རྡུལ་པར་གཞིས་རྒྱལ་སྤྱིའི་གཅིག་གྱུར་ཨང་སྒྲིག་མཐུན་འཇུག་ཐུབ་པ་དེ། རང་རྒྱལ་གྱིས་ཁྱབ་བསྒྲགས་བྱས་པའི་བོད་ཡིག་གི་རྒྱལ་སྤྱིའི་གཅིག་གྱུར་གྱི་ཨང་སྒྲིག་དང་མཚམས་པས།རྒྱལ་ཁབ་ཕྱི་ནང་གི་ཀློག་པ་པོ་དང་ཞིབ་འཇུག་པ་རྣམས་ལ་འཕྲད་པའི་བོད་ཡིག་ཨང་སྒྲིག་མི་མཐུན་པའི་རྙོག་དྲ་སེལ་བ་རེད།གློག་རྡུལ་པར་མ་བཏོན་པས་བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཁྱབ་གདལ་དང་བརྒྱུད་བསྒྲགས།བོད་ཀྱི་གནའ་དཔེ་རྒྱུན་འཛིན་དང་གསར་གཏོད་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ལྡན།

        ཚོགས་འདུའི་སྟེང་ཆེད་ལས་མཁས་པ་རྣམས་ཀྱིས་དཔྱོད་འཚོལ་བལྟ་ཀློག་དང་ནང་དོན་གསར་སྣོན།   ཤེས་བྱའི་ཐོན་དངོས་བདག་དབང་ལ་སྲུང་སྐྱོབ་བཅས་ཀྱི་ཐད་ཞིབ་ཕྲའི་བསམ་འཆར་བཏོན།   ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་ཆེད་ལས་མཁས་པའི་བསམ་འཆར་བསྡུ་ལེན་བྱས་རྗེས།   ད་ལོའི་ཟླ་5པར་འཚོགས་རྒྱུ་ཡིན་པའི་སྐབས་ལྔ་པའི་རྒྱལ་ཡོངས་བོད་རིག་པའི་ལས་དོན་མཐུན་སྦྱོར་ཚོགས་འདུའི་ཐོག་དངོས་སུ་ཁྱབ་བསྒྲགས་བྱ་གྲབས་ཡོད།