བདེ་ཆེན་ཁུལ་ཁོར་ཡུག་སྲུང་སྐྱོབ་ཅུས་ཀྱིས་ཆེད་དོན་གསོ་སྦྱོང་ཚོགས་འདུ་བསྡུས།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-04-20   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།


        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ4བའི་ཚེས་16ཉིན། ཁུལ་ཁོར་ཡུག་སྲུང་སྐྱོབ་ཅུས་ཀྱིས་2018ལོའི་ལོ་འཁོར་གྱི་ཁུལ་ཡོངས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཤུགས་རྐྱེན་ལ་གདེང་འཇོག་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཨར་ལས་འགྲུབ་པའི་ཞིབ་བཤེར་རྩིས་ལེན་ལམ་ལུགས་བཅོས་བསྒྱུར་གྱི་གསོ་སྦྱོང་བསྡུས་ཤིང་།ཚོགས་འདུའི་ཐོག་འབྲེལ་ཡོད་ལས་ཁུངས་དང་འཛུགས་སྐྲུན་ལས་ཁུངས་ཀྱི་འགན་འཁྲིའི་འདུ་ཤེས་མཐོ་རུ་བཏང་ནས་རང་ཁུལ་གྱི་ཁོར་ཡུག་ཤུགས་རྐྱེན་གྱི་གདེང་འཇོག་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཨར་ལས་འགྲུབ་པའི་ཞིབ་བཤེར་རྩིས་ལེན་ལས་ཀར་སྔར་ལས་ལེགས་པོ་ཡོང་དགོས་པ་བསྟན།

         ཐེངས་འདིའི་གསོ་སྦྱོང་ལ་ཡུན་ནན་ཞིང་ཆེན་ཁོར་ཡུག་སྲུང་སྐྱོབ་ཐིང་གི་ཆེད་མཁས་པས་འཛུགས་སྐྲུན་ལས་གཞིའི་ཁོར་ཡུག་སྲུང་སྐྱོབ་ལ་གདེང་འཇོག་དང་ཞིབ་མཆན་འགོད་པ།དེ་མིན་ཁོར་ཡུག་སྲུབ་སྐྱོབ་ཞིབ་བཤེར་རྩིས་ལེན་སོགས་ཀྱི་བྱེ་བྲག་གི་ལས་དོན་ལ་འཛུབ་སྟོན་གནང་ཞིང་།འབྲེལ་ཡོད་ཀྱི་ཁྲིམས་ལུགས་ཁྲིམས་སྲོལ་དང་སྲིད་ཇུས་ལ་འགྲེལ་བ་བྱས་པ་མ་ཟད།གསོ་སྦྱོང་སློབ་མ་རྣམས་དང་ཕན་ཚུན་བགྲོ་གླེང་བྱས་པ་རེད། 

     རྒྱུས་ལོན་བྱུང་ལྟར་ན།ཁོར་ཡུག་ཤུགས་རྐྱེན་ལ་གདེང་འཇོག་བྱེད་པ་ནི་འཛུགས་སྐྲུན་ལས་གཞི་ལག་བསྟར་བྱས་རྗེས་དེས་ཁོར་ཡུག་ལ་ཐེབས་པའི་ཤུགས་རྐྱེན་ལ་དབྱེ་ཞིབ་དང་སྔོན་དཔགདཔྱད་དཔག་བྱས་ནས། སྔོན་འགོག་དང་ཁོར་ཡུག་སྲུང་སྐྱོབ་ཀྱི་ཤུགས་རྐྱེན་ངན་པ་ཐེབས་པའི་གནོད་འཚེ་ཇེ་ཆུང་དུ་བཏང་བའི་ཐབས་ཇུས་དང་བྱེད་ཐབས་བཏོན་ལ།རྗེས་འདེད་ལྟ་ཞིབ་ཚད་ལེན་གྱི་བྱེད་ཐབས་དང་ལམ་ལུགས་ཤིག་ཡིན་པ་རེད། 

        ཁུལ་དང་རྫོང་།  གྲོང་ཁྱེར་ཆུས་བཅས་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་སྡེ་ཁག་སོ་སོ་དང་རང་ཁུལ་གྱི་ཁོར་ཡུག་ཤུགས་རྐྱེན་ལ་གདེང་འཇོག་བྱེད་པའི་འབྲེལ་ཡོད་ལས་ཁུངས་ཀྱི་མི་སྣ།ལས་འགྲུབ་ཞིབ་བཤེར་ཚད་ལེན་བྱེད་པའི་ལས་ཁུངས་ཀྱི་མི་སྣ་སོགས་མི་ལྔ་ཅུ་ལྷག་ཐེངས་འདིའི་གསོ་སྦྱོང་ཚོགས་འདུར་ཞུགས་ཡོད་པ་རེད།