བོད་ལྗོངས་འཕྱོངས་རྒྱས་ཆུ་བོའི་རྒྱུད་དུ་གནའ་རྫས་རྟོག་ཞིབ་པས་རིག་དངོས་ཀྱི་གནས་མང་པོ་རྙེད་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-04-19   རྩོམ་ཁུངས།    མི་དམངས་དྲ་བ།


གསར་འགོད་པས་བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོང་ཞིབ་འཇུག་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན།བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོང་ཞིབ་འཇུག་ཁང་དང་སི་ཁྲོན་སློབ་གྲྭ་ཆེན་མོ་གནའ་རྫས་རྟོག་ཞིབ་ཚན་པ།ལྷོ་ཁ་གྲོང་ཁྱེར་རིག་དངོས་ཅུས་བཅས་ནས་སྒྲིག་འཛུགས་བྱས་པའི་གནའ་རྫས་ལས་དོན་རུ་ཁག་གིས་བོད་ལྗོངས་ལྷོ་ཁ་རྫོང་འཕྱོངས་རྒྱས་ཆུ་བོའི་རྒྱུད་དུ་དུས་ཡུན་ལོ་གསུམ་རིང་ལ་ཁྱོན་ཡོངས་ནས་གནའ་རྫས་རྟོག་ཞིབ་བྱས་པ་དང་།རིག་དངོས་གནས་མང་པོ་གསར་དུ་རྙེད་ཡོད་ཅིང་། གནས་དེ་དག་རིག་དངོས་ས་གནས་ཀྱི་གྲངས་འབོར་རུ་གསར་དུ་བརྩིས་ཡོད་པ་རེད།