སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་སློབ་གྲྭར་ཞུགས་ནས་འགྲིམ་འགྲུལ་བདེ་འཇགས་ཀྱི་ཤེས་བྱ་ཆེད་ཁྲིད་གནང་།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-04-19   རྩོམ་ཁུངས།   

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཉེ་ཆར། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དར་དམར་སློབ་ཆུང་དང་མི་རིགས་སློབ་ཆུང་སོགས་ནས་སྔ་གཞུགཏུ་ཁྱིམ་བདག་ཚོགས་ཆེན་བསྡུས་ཤིང་།སེམས་ཀྱི་ཉི་ཟླ་གྲོང་ཁྱེར་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་གྱིས་ཐེངས་འདིའི་ཁྱིམ་བདག་ཚོགས་ཆེན་བསྡུས་པའི་གོ་སྐབས་འདི་དང་བསྟུན་ནས།མི་དམངས་ཉེན་རྟོག་སྒྲིག་འཛུགས་བྱས་ཏེ་དགེ་སློབ་དང་ཁྱིམ་བདག་རྣམས་ལ་འགྲིམ་འགྲུལ་བདེ་འཇགས་ཀྱི་ཤེས་བྱའི་སྐོར་ཆེད་ཁྲིད་གནང་བ་རེད།

        ཆེད་ཁྲིད་སྐབས་ཐོག་མར་འགྲིམ་འགྲུལ་ཉེན་རྟོག་པས་གོ་སླ་བའི་སྐད་ཆའི་ལམ་ནས་དུས་རྒྱུན་ཇི་ལྟར་དཔལ་ཡོན་ལྡན་པའི་སྒོ་ནས་གཞུང་ལམ་དུ་འགྲོ་དགོས་པ་དང་།ཕྱོགས་གང་ཐད་ནས་མཉམ་འཇོག་བྱེད་དགོས་པ། ཅི་ལྟར་དཔལ་ཡོན་ལྡན་པ་ཞིག་བྱེད་དགོས་པ།བདེ་འཇགས་ངང་རླངས་འཁོར་གཏོང་བ། ཅི་ལྟར་འགྲིམ་འགྲུལ་ཡོ་བྱེད་འདེམས་གསེས་བྱེད་དགོས་པ་སོགས་ཀྱི་ཤེས་བྱ་མ་ལག་གི་གསོ་སྦྱོང་བྱས་ཤིང་།སློབ་མ་རྣམས་ལ་རང་རྟོགས་ཀྱི་འགྲོ་ལམ་གྱི་ལམ་འགྲིམ་འགྲུལ་བདེ་འཇགས་ཁྲིམས་ལུགས་ལ་བརྩི་སྲུང་བྱས་ནས་དོགས་ཟོན་གྱི་འདུ་ཤེས་དང་རང་ཉིད་སྲུང་སྐྱོབ་ཀྱི་ནུས་པ་ཇེ་མཐོར་གཏོང་བར་སྣེ་སྟོན་བྱས་པ་རེད།དེ་རྗེས་སློབ་གྲྭའི་ཉེ་འཁོར་གྱི་གནས་ཚུལ་དངོས་ལ་གཞིགས་ནས་རྒྱུ་ཆེའི་ཁྱིམ་བདག་རྣམས་ལ་མ་ལག་གི་སྒོ་ནས་འགྲིམ་འགྲུལ་བདེ་འཇགས་ཀྱི་ཤེས་བྱ་གསོ་སྦྱོང་བྱས་པ་མ་ཟད།དཔེ་མཚོན་རང་བཞིན་ལྡན་པའི་འགྲིམ་འགྲུལ་དང་གྱོད་གཞི་དང་འབྲེལ་ནས་ཁྲིམས་འགལ་འགྲིམ་འགྲུལ་བྱ་སྤྱོད་ཀྱི་གནོད་འཚེའི་རང་བཞིན་ལ་དབྱེ་ཞིབ་བྱས་ལ།ཁ་གསལ་བའི་སྒོ་ནས་འགྲིམ་འགྲུལ་ལམ་སྲོལ་ལ་འགལ་བ་དང་འགྲིམ་འགྲུལ་ཀུན་སྤྱོད་ལ་འགལ་བའི་འབྲས་བུས་བཟོས་པའི་གནོད་འཚེ་བཤད་ནས།ཁྱིམ་བདག་རྣམས་ལ་འགྲིམ་འགྲུལ་བདེ་འཇགས་ཀྱི་ཤེས་བྱ་སློབ་སྦྱོང་གི་སློབ་གསོའི་བྱེད་སྒོ་བསྡུ་དགོས་པའི་གལ་ཆེའི་རང་བཞིན་ཤེས་སུ་བཅུག་སྟེ།རྒྱ་ཆེའི་ཁྱིམ་བདག་རྣམས་ཀྱིས་འགྲིམ་འགྲུམ་ཀྱི་སྤྱོད་ངན་བསྐྱུར་ནས།རང་སྟེང་གི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ། ཏན་ཏིག་གི་སྒོ་ནས་བྱིས་པར་བདེ་འཇགས་དང་དཔལ་ཡོན་ཕྱོགས་ཀྱི་དམིགས་དཔེ་བཟང་དར་སྤེལ་བྱེད་དགོས་པ་བསྟན།

        དྲིལ་བསྒྲགས་ལ་ཕན་ནུས་རང་བཞིན་མཐོ་རུང་གཏོང་ཆེད།བདེ་འཇགས་ཤེས་བྱའི་ཆེད་ཁྲིད་མཇུག་སྒྲིལ་རྗེས་འགྲིམ་འགྲུལ་ཉེན་རྟོག་པས་རྒྱ་ཆེའི་དགེ་སློབ་དང་ཁྱི་བདག་རྣམས་ལ་ཉེན་རྟོག་པས་སློབ་མའི་ཁྱི་བདག་ལ་ཕུལ་བའི་འཕྲིན་ཡིག་བཀྲམ་པ་མ་ཟད། ཁྲིད་སྟེགས་ནས་མར་སོང་སྟེ་སློབ་མ་རྣམས་ཀྱིས་འགྲིམ་འགྲུལ་བདེ་འཇགས་ཀྱི་བཀོད་འདོན་ལག་བརྡ་དཔེ་སྟོན་བྱས་ལ།འགྲིམ་འགྲུལ་མཚོན་རྟགས་མཚོན་ཐིག་དང་བརྡ་རྟགས་གློག་སྒྲོན་ལ་ཅི་ལྟར་ངོས་འཛིན་བྱེད་དགོས་ཚུལ་བསྟན་པ་མ་ཟད།བྱིས་པ་ཚོ་དང་ཕན་ཚུན་སྤེལ་རེས་བྱས་ནས་ཁོ་ཚོར་འགྲིམ་འགྲུལ་བརྡ་རྟགས་སྣ་ཚོགས་ཀྱི་དོན་སྙིང་དང་ནུས་པ་ངོ་སྤྲོད་བྱས་ལ།སློབ་གྲོགས་རྣམས་ལ་འགྲིམ་འགྲུལ་བརྡ་རྟགས་དང་འགྲིམ་འགྲུལ་ཁྲིམས་སྲོལ་ལ་སྔར་ལས་ཐད་མཐོང་གིས་རོལ་མྱོང་ཐུབ་པ་བྱས།

        ཐེངས་འདིའི་འགྲིམ་འགྲུལ་བདེ་འཇགས་ཤེས་བྱ་ཆེད་ཁྲིད་བྱས་པ་བརྒྱུད་ནས་རྒྱ་ཆེའི་དགེ་སློབ་དང་ཁྱིམ་བདག་རྣམས་ལ་དཔལ་ཡོན་ལྡན་པའི་འགྲིམ་འགྲུལ་བྱ་སྤྱོད་ལ་གཏིང་ཟབ་པའི་རྒྱུས་ལོན་ཐུབ་པ་བྱེད་ཅིང་།སློབ་གསོའི་དྲིལ་བསྒྲགས་བྱེད་སྒོར་དགེ་སློབ་རྣམས་ཀྱི་དགའ་བསུ་ཆེན་པོ་ཐོབ་པ་དང་།བྱིས་པ་གཅིག་ལ་སློབ་གསོ་བྱས་ན་ཁྱིམ་ཚང་གཅིག་ལ་སྣེ་ཁྲིད་ཐུབ་ཅེས་པའི་ནུས་པ་ཐོན་པ་རེད།