དུས་རྒྱུན་གློག་ཀླད་ལ་ལྟ་བའི་གནོད་འཚེ།

རྩོམ་པ་པོ།   པད་མ་མཚོ།  ཡིག་བསྒྱུར།       དུས་ཚོད།   2018-04-12   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

    ཡུན་རིང་གློག་ཀླད་སྤྱད་ན་མིག་ཐང་ཆད་སླ་བ་དང་མིག་དམར་པོ་གྱུར་བ།མིག་ཆུ་བྱུང་སླ་བ་སོགས་གྱི་གནད་དོན་བྱུང་སྲིད།ལྷག་པར་དུ་སློབ་མ་དང་རྩོམ་སྒྲིག་པ་སོགས་ལ་གནད་དོན་འདི་དག་བྱུང་སླ་མོ་རེད།དེ་བས་མིག་ལ་སྲུང་སྐྱོང་གང་འདྲ་བྱས་ན་མིག་བདེ་བར་གྱུར་སྲིད་ཅེ་ན།

     གཅིག མིག་རྡེབ་པར་བརྟེན་ནས་མིག་ཟུང་ལ་འཕུར་མཉེད་བྱེད་དགོས།


     ང་ཚོའི་མིག་ཟུང་ནི་མཆི་རྨེན་ཆུ་མཁོ་འདོན་ལ་བརྟེན་དགོས་ལ།མིག་རྡེབ་བྱས་ནས་མིག་གི་ཤ་གྲིམ་འགུལ་སྐྱོད་ལ་བརྟེན་ནས་ཆུ་མཁོ་འདོན་བྱེད་བཞིན་ཡོད།དེ་བས་འོས་འཚམས་ཀྱིས་མིག་རྡེབ་ན་ཤིན་ཏུ་ལེགས།ལོ་ན་20ནས་40བར་གྱི་རྒྱུན་ལྡན་གྱི་མི་སྣས་སྐར་མ་རེ་ལ་མིག་ཕལ་ཆེར་ཐེངས20ཙམ་ལྡེབ་ན་འཚམས།ཡུན་རིང་ལ་ཀློག་གླད་བལྟས་ནས་བསྡད་ན།མིག་ཆུ་ཟགས་ཐོན་བྱེད་ཚད་མི་འདང་བས།མིག་སྐམ་གྱི་ནད་རྟགས་འབྱུང་སྲིད།འདིའི་སྐབས་སུ།མིག་རྡེབ་ཙམ་བྱས་ན་མིག་ལ་སྲུང་སྐྱོང་གི་ཕན་ནུས་ལྡན།གཞན་མིག་ངལ་དུབ་མི་ཡོང་བའི་ཐབས་ཤེས་ཡག་ཤོས་ནི་དུས་ཚོད་ངེས་གཏན་ནང་གློག་ཀླད་སྤྱོད་མཚམས་བཞག་ནས་རྒྱང་རིང་གི་ཡུལ་ལྗོངས་ལ་ལྟ་བ་སོགས་ཀྱི་གོམ་གཤིས་ལོབས་སུ་བཅུག་ན་ཤིན་ཏུ་བཟང་།

     གཉིས། འཚོ་རྒྱུ་བསྡུ་ལེན་བྱེད་ཚད་མང་དུ་གཏོང་དགོས། 


     སྔོ་ཚལ་དང་ཤིང་ཏོག་སོགས་ཟས་ནས་མིག་ལ་སྲུང་སྐྱོང་བྱེད་དགོས་པ་མ་ཟད།དུས་མཚུངས་སུ་འཚོ་རྒྱུ་Aདང་B1 CEབཅས་ཀྱི་བསྡུ་ལེན་ཇེ་མང་དུ་གཏོང་དགོས།མིག་སྐྱི་སྐམ་པ་དང་མིག་གྱོང་བོར་འགྱུར་བ།མཐོང་ཤུགས་ཉམས་པ།ཐ་ན་མཚན་ལོང་སོགས་སྔོན་འགོག་བྱེད་ཆེད།གློག་ཀླད་སྤྱོད་མཁན་གྱིས་འཚོ་བཅུད་རྫསAའཛོམས་པའི་ཟས་རིགས་ཏེ་སྲན་བཟོས་བཟའ་བཅའ་དང་ཉ་ཤ།འོ་མ།སྟར་ཀ་སོགས་ཟས་ན་ལེགས།འཚོ་བཅུད་རྫས་Cཀྱིས་ཕྲ་ཕུང་དབྱང་འགྱུར་བྱེད་པར་ཚོད་འཛིན་བྱེད་ཐུབ།འཚོ་ཅུད་རྫསEཡིས་མཁྲིས་རྒྱུ་གཤེར་རྩི་དམའ་རུ་བཏང་ཐུབ་ལ།ལུས་པོའི་ནང་གི་གད་སྙིགས་གཙང་སེལ་དང་སྐྱ་འགྲིབ་སྔོན་འགོག་གི་བྱེད་ནུས་ལྡན།སྟར་ཀའི་ནང་དུ་འཚོ་བཅུད་རྫསEམང་།འཚོ་བཅུད་རྫས་B1ཡིས་དབང་རྩ་སྙོམ་སྒྲིལ་ལ་ཕན།སྔོ་ཚལ་ནང་དུ་འཚོ་བཅུད་རྫས་B1མང་།གཞན་ཉིན་རྒྱུན་འོས་མཚམས་ཀྱིས་ཇ་འཐུང་ན།ཕུང་པོ་རང་བརྟེན་ནུས་པ་ལེགས་བཅོས་བྱེད་ཐུབ་པ་མ་ཟད།ཇ་ལོ་ལ་རྩིབས་འཕྲོའི་ནུས་པའང་ལྡན་པས་ཟས་རིགས་འདི་དག་བསྡུ་ལེན་བྱེད་རྒྱུར་དོ་སྣང་བྱས་ན་ལེགས།

     གསུམ།འོས་འཚམས་ཀྱིས་མིག་སྨན་བླུག་པ།


     མིག་སྐམ་པོ་མི་འགྱུར་བའི་ཆེད་དུ།འོས་འཚམས་ཀྱིས་མིག་སྨན་བླུག་ན་ཆོག གཞན་མིག་ཟུང་སྲུང་སྐྱོབ་ཀྱི་རྩལ་སྦྱང་རྩེད་ན་མིག་ལྷོད་གཡེང་བྱེད་པར་ཕན་པ་མ་ཟད།མིག་ཟུང་ངལ་དུབ་བྱུང་ཚད་ཇེ་ཉུང་དུ་གཏོང་བར་ཕན་ནུས་ལྡན།གནས་ཚུལ་ཚབས་ཆེན་གྱི་སྐབས་སུ།སྨན་ཁང་དུ་སོང་ནས་སྨན་བཅོས་བྱས་ན་ལེགས།