བལ་འཐག་མཚོ་ནང་ལ་བྱ་རིགས་ལ་171ཡོད།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-04-12   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

    བདེ་ཆེན་ཁུལ་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་བལ་འཐག་མཚོ་སྲུང་སྐྱོང་ས་ཚིགས་སུ་ཁྱོན་བསྡོམས་འདབ་ཆགས་ཀྱི་རིགས་171ཡོད་ཅིང་།རིགས16དང་སྡེ་ཚན38ནང་འདུས་པ་རེད།གནས་སྡོད་ཀྱི་ཆ་ནས་དབྱེ་ན།གནས་བྱའི་རིགས120ཡོད་ཅིང་དེས་བྱ་རིགས་སྤྱིའི་གྲངས་འབོར་གྱི70.1%ཟིན།དབྱར་ཁའི་དུས་བསྟུན་གནས་སྤོའི་བྱ་རིགས6དང་དེས་བྱ་རིགས་སྤྱིའི་གྲངས་འབོར་གྱི3.5%ཟིན།སྐྱེ་འཕེལ་འདབ་ཆགས་ཀྱི་རིགས126ཡོད་ཅིང་།དེས་བྱ་རིགས་སྤྱིའི་གྲངས་འབོར་གྱི73.6%ཟིན་པ་རེད།དགུན་ཁའི་དུས་བསྟུན་གནས་སྤོའི་བྱ་རིགས36ཡོད་ཅིང་། དེས་བྱ་རིགས་སྤྱིའི་གྲངས་འབོར་གྱི21.1%ཟིན།    འགྲུལ་བྱ་དང་སྐབས་འགར་མཐོང་བའི་བྱ་རིགས18ཡོད་ཅིང་།དེས་བྱ་རིགས་སྤྱིའི་གྲངས་འབོར་གྱི10.5%ཟིན།དེ་དག་གི་ཁྲོད་དུ་ཁྲུང་ཁྲུང་སྐེ་ནག་དང་།   ཆུ་བྱ་མགོ་དམར།   བྱ་རྒོད།   མཚོ་གླག   ཁྲུང་ཁྲུང་སྐྱ་བོ།   བྱ་རྔ་དཀར་པོ་སོགས་རྒྱལ་ཁབ་རིམ་པའི་གནད་ཆེའི་སྲུང་སྐྱོང་སྲོག་ཆགས་རིགས་མང་པོ་ཞིག་འདུས་ཡོད་པ་རེད། 

      ཟླ་བཞི་བའི་བར་སྐབས་ནི་ཏག་ཏག་དུས་བསྟུན་གནས་སྤོའི་བྱ་རིགས་གཞི་ཁྱོན་ཆེ་བའི་སྒོ་ནས་གནས་སྤོ་བ་དང་།ཁྱུ་དང་ཁྱུ་བྱས་ནས་འགུལ་སྐྱོད་བྱེད་པའི་དུས་ཚིགས་ལ་འཁེལ་ཡོད་པས།རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་བྱེད་པའི་ལས་ཀ་ཡང་ཆེས་གནད་འགག་གི་དུས་སྐབས་ཤིག་ལ་ཐོན་ཡོད།    བྱ་རིགས་ཀྱི་ཐོན་ཁུངས་ལ་གཅེས་སྐྱོང་ལེགས་པའི་བྱེད་པའི་ཆེད།སྐབས37པའི་བྱ་རིགས་ལ་གཅེས་པའི་གཟའ་འཁོར་ཐོན་ལ་ཉེ་བའི་སྐབས་དང་བསྟུན་ནས།བལ་འཐག་མཚོ་སྲུང་སྐྱོབ་ས་ཚིགས་ཀྱི་ལས་བྱེད་མི་སྣས་སྲུང་སྐྱོབ་ས་ཚིགས་ཉེ་འཁོར་གྱི་གྲོང་ཚོ་དང་སྡེ་ཁུལ།ད་དུང་ལྗོངས་ཁུལ་གྱི་སྒོ་ཁ་སོགས་ནས་གྲོང་མི་དང་ལྗོངས་རྒྱུ་ལ་ཕེབས་པའི་ཡུལ་སྐོར་བར་བྱ་རིགས་ལ་གཅེས་སྐྱོང་བྱེད་པའི་དྲིལ་བསྒྲགས་ཡིག་ཆ་བཀྲམས་པ་དང་།བྱ་རིགས་ལ་གཅེས་སྐྱོང་བྱེད་པའི་ཤེས་བྱ་དྲིལ་བསྒྲགས་ནན་མོ་བྱས་ཏེ་བྱ་རིགས་ལ་གཅེས་སྐྱོང་བྱེད་པར་གྲོང་མི་དང་ཡུལ་སྐོར་བར་འགན་འཁྲིའི་འདུ་ཤེས་ཡོད་པར་བཅུག་ཡོད་ཅིང་།མི་དང་འདབ་ཆགས།རང་བྱུང་ཁམས་སོགས་ཀྱི་འཆམ་མཐུན་ལྟ་བ་དྲིལ་བསྒྲགས་བྱས་ནས་མི་རྣམས་ཀྱིས་བྱ་རིགས་ལ་གཅེས་སྐྱོང་བྱེད་པའི་སྤྲོ་སེམས་དང་འདུ་ཤེས་ཇེ་དྲག་ཏུ་བཏང་ཡོད།