རང་ཁུལ་གྱིས་འགོ་ཁྲིད་ལས་བྱེད་པའི་ཞིབ་འཇུག་བགྲོ་གླིང་ཚོགས་འདུ་འཚོགས་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-04-09   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཟླ་4པའི་ཚེས་2ཉིན།བདེ་ཆེན་ཁུལ་གྱིས་འགོ་ཁྲིད་ལས་བྱེད་པའི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་བྱེད་པའི་བགྲོ་གླིང་ཚོགས་འདུ་ཁུལ་ཨུའི་སྙན་ཞུ་ཐིང་དུ་འགོ་ཚུགས་པའི་མཛད་སྒོ་བསྡུས་པ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གུའུ་ཁུན་ཕེབས་ནས་སྐུལ་སློང་གསུང་བཤད་གནང་བ། ཁོང་གིས་ནན་བཤད་གནང་དོན། ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞི་ཅིན་ཕིང་གི་སྲོག་ཤིང་དུ་གནང་བའི་ཏང་ཀྲུང་དབྱང་ལ་བློ་དཀར་བྱེད་པ་དང་།བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་བླང་བྱ་ཐོག་གཅིག་གྱུར་བྱེད་པ།བློ་བརྟན་འགྱུར་མེད་ཀྱིས་ཁྲ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་བྱེད་པ། དམངས་འཚོ་ལ་འགན་སྲུང་བྱེད་པ་དང་ལེགས་སུ་གཏོང་བ། མི་རིགས་ཁག་གིས་སྤེལ་རེས་ལ་སྐུལ་འདེད་གཏོང་ཞིང་། རྒྱལ་ཁབ་ཀྱི་བདེ་འཇགས་དང་བདེ་ཆེན་བོད་ཁུལ་གྱི་ཡུན་རིང་བདེ་འཁོད་ལ་ཁག་ཐེག་བྱེད་དགོས་པ་དང་། དཔལ་འབྱོར་སྤྱི་ཚོགས་མུ་མཐུད་དུ་བདེ་བླག་ངང་འཕེལ་རྒྱས་བྱུང་བར་ཁག་ཐེག་བྱེད་དགོས།མི་རིགས་སོ་སོའི་མི་དམངས་ཀྱི་དངོས་པོའི་འཚོ་བའི་ཆུ་ཚད་མུ་མཐུད་དུ་མཐོར་གཏོང་དགོས།སྐྱེ་ཁམས་ཁོར་ཡུག་ལེགས་སུ་གཏོང་བར་ཁག་ཐེག་བྱེད་དགོས།

    གུའུ་ཁུན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ཡག་པོ་བྱེད་པ་དང་དྲིལ་བསྒྲགས་ཡག་པོ་བྱེད་པ། དོན་འཁྱོལ་ཡག་པོ་བྱེད་པ་བཅས་ནི་དེང་སྐབས་དང་ད་ཕྱིན་གྱི་དུས་སྐབས་ཤིག་རིང་གི་དོན་ཆེན་ཨང་དང་པོ་དང་ཆབ་སྲིད་ལས་འགན་ཨང་དང་པོ་ཡིན་པ་དང་། བསྒྱུར་བཅོས་འཕེལ་རྒྱས་བརྟན་བརླིང་ལས་དོན་སོ་སོར་མཐར་ཕྱིན་བྱེད་པའི་བརྗོད་བྱ་གཙོ་བོ་ཡང་ཡིན།རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གཏིང་ཟབ་ཀྱིས་རྒྱུས་ལོན་བྱེད་དགོས་པ་དང་། དགོངས་པའི་དོན་སྙིང་སློབ་སྦྱོང་ཡག་པོ་བྱེད་དགོས།

     གུའུ་ཁུན་གྱིས་ནན་བཤད་གནང་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གཏིང་ཟབ་ཀྱིས་ལག་བསྟར་བྱེད་པའི་ཐད། བདེ་ཆེན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས།  ཕྱོགས་ཡོངས་ནས་ཏང་གིས་ལས་དོན་ཐམས་ཅད་འགོ་ཁྲིད་དོན་འཁྱོལ་བྱེད་པ་དང་སྔར་ལས་ལྷག་པར་སྒྲིག་ཁྲིམས་འདུ་ཤེས་མཐོ་རུ་གཏོང་དགོས།ཕྱོགས་ཡོངས་ནས་ཏང་ནན་སྐྱོང་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་དགོས། ཕུགས་ཕན་ལམ་ལུགས་ཀྱི་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས། བློ་དཀར་འགྱུར་མེད་ཀྱི་ལས་བྱེད་པའི་རུ་ཁག་ཞིག་འཛུགས་དགོས།

     དེང་སྐབས་ཀྱི་གནད་ཆེའི་ལས་དོན་ཐད།གུའུ་ཁུན་གྱིས་བླང་བྱ་བཏོན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་སློབ་སྦྱོང་བྱེད་པའི་གྲུབ་འབྲས་དངོས་གཞིའི་ལས་ཀ་དམ་འཛིན་བྱེད་པའི་ཁྲོད་དུ་གསལ་མཚོན་བྱེད་དགོས། བློ་བརྟན་འགྱུར་མེད་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་ཀ་དམ་འཛིན་བྱེད་དགོས་པ།བློ་བརྟན་འགྱུར་མེད་ཀྱིས་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། བློ་བརྟན་འགྱུར་མེད་ཀྱིས་ཡུལ་སྐོར་ལས་རིགས་གཙོ་བོར་གྱུར་བའི་ཐོན་ལས་ཆེན་པོ་བཞིའི་གསོ་སྐྱོང་ལ་སྐུལ་འདེད་གཏོང་དགོས། བློ་བརྟན་འགྱུར་མེད་ཀྱིས་ལས་ཁུངས་ཀྱི་བསྒྱུར་བཅོས་དམ་འཛིན་བྱེད་དགོས།བློ་བརྟན་འགྱུར་མེད་ཀྱིས་འཆམ་མཐུན་བརྟན་བརླིང་ལས་ཀ་དམ་འཛིན་བྱེད་དགོས་པ་རེད།

    ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཁྲ་ཀྲུང་ཝང་གིས་གྲོས་ཚོགས་གཙོ་སྐྱོང་གནང་བ། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཁུལ་དབུལ་སྐྱོར་གཞུང་ལས་ཁང་གི་ཀྲུའུ་རེན་ཧོ་ཡུང་ཀྲུང་གིས་ཆུས་གསུམ་ཁུལ་གསུམ་དང་ལས་གྲྭ་དགུ་དམིགས་ནས་སྲིད་ཇུས་གསལ་འགྲེལ་གནང་བ་རེད།