བོད་ལྗོངས་དམངས་ཁྲོད་གནམ་གཤིས་གཏམ་དཔེ། ༼བོད་ཡིག་པར་མ༽དཔེ་སྐྲུན་འགྲེམ་སྤེལ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-04-05   རྩོམ་ཁུངས།    ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།

    ཤིན་ཧྭ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་གསལ། ཉེ་ཆར། ཐེངས་དང་པའི་བོད་ལྗོངས་དམངས་ཁྲོད་གནམ་གཤིས་གཏམ་དཔེ་བོད་ཡིག་ཐོག་ནས་ཡོངས་བསྒྲགས་དཔེ་སྐྲུན་འགྲེམས་སྤེལ་གྱི་མཛད་སྒོ་དེ་ལྷོ་ཁ་གྲོང་ཁྱེར་གནམ་གཤིས་ཅུས་སུ་ཚོགས་པ་དང་། 
    དེ་ནི་ད་ལྟའི་བར་བོད་ལྗོངས་ཀྱི་བསྡུ་སྒྲིག་བྱས་པའི་གནམ་གཤིས་གཏམ་དཔེ་རྣམ་གྲངས་ཆེས་མང་ཤོས་དང་། སྣེ་རིགས་མང་ཤོས་དང་། ནང་དོན་ཆེས་ཕུན་སུམ་ཚོགས་ཤོས་ཀྱི་དམངས་ཁྲོད་ཀྱི་གནམ་གཤིས་གཏམ་དཔེའི་དཔེ་ཆ་ཞིག་ཡིན།

    ངོ་སྤྲོད་བྱས་པར་གཞིགས་ན། བོད་ལྗོངས་དམངས་ཁྲོད་གནམ་གཤིས་གཏམ་དཔེ། ༼བོད་ཡིག་པར་མ༽དེ་ལེའུ་གསུམ་དང་ས་བཅད་༢༥དབྱེ་ནས་ཁྱོན་བསྡོམས་ཡིག་འབྲུ་ཁྲི་༨ལྷག་ཙམ་ཡོད། དེའི་ནང་ཡུན་ཐེན་སྣང་ཚུལ་དང་། སྐར་ལྟར། རི་སྐྱེས་སྲོག་ཆགས་ཀྱི་གོམས་གཤིས་དང་འགུལ་སྤྱོད། རྩི་ཤིང་སྐྱེ་འཚར་དང་དུས་ཚིགས་ཀྱི་བརྗེ་རེས་སོགས་གནམ་གཤིས་ཁྱད་ཆོས་གསལ་སྟོན་བྱས་པ་དང་། གནམ་གཤིས་འགྱུར་ལྡོག་ཐད་ཀྱི་རིགས་༡༠ལྷག་ཙམ་དང་། གནམ་གཤིས་གཏམ་དཔེ་༢༧༠ལྷག་ཙམ་བཅས་བསྡུས་ཡོད་པ་རེད།