བོད་ཀྱི་སྲོལ་རྒྱུན་ཤིང་ཕོར་ལག་རྩལ་པ་ཡེ་ཤེས།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-04-05   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

      འཇོལ་རྫོང་ཀོང་རྩེད་ར་གྲོང་རྡལ་ལ་གནའ་སྔ་མོ་ནས་ཤིང་ཕོར་གྱི་ཕ་ས་ཞེས་པའི་མཚན་སྙན་ཡོད།གནས་འདིའི་ཤིང་ཕོར་ནི་ཐོན་སྐྱེད་ལོ་རྒྱུས་ཡུན་རིང་ལྡན་པ་དང་།ས་གནས་དེ་གའི་ཀོང་རྩེད་ར་ཡེ་ཤེས་བོད་རིག་གནས་ཐོན་ལས་ཚད་ཡོད་ཀུང་སི་ནས་ཐོན་པའི་ཤིང་ཕོར་ལ་ཆེས་མཚོན་ཚབ་རང་བཞིན་ལྡན་པ་རེད།ཉེ་བའི་ལོ་འགའི་རིང་།ཡེ་ཤེས་ཀྱིས་ལག་རྩལ་པའི་ཁུར་སེམས་ལ་བརྟེན་ནས།མུ་མཐུད་དུ་ཤིང་ཆས་ཐོན་རྫས་འཕེལ་རྒྱས་དང་གསར་གཏོད་བྱས་པ་རེད།


      ས་གནས་དེ་གའི་བོད་རིགས་ཀྱི་ངོས་ནས་བརྗོད་ན།ཤིང་ཕོར་ནི་འཚོ་བའི་མཁོ་ཆས་ཞིག་ཡིན་པ་མ་ཟད།ཐོབ་ཐང་གི་མཚོན་རྟགས་ཤིག་ཀྱང་ཡིན།སྤྱིར་བཤད་ན་སྐྱེས་པའི་སྤྱོད་ཆས་ཤིང་ཕོར་ཅུང་ཆེ་ཞིང་།བུད་མེད་ཀྱི་སྤྱོད་ཆས་ཤིང་ཕོར་ཅུང་ཆུང་བ།སྔོན་མར་ཐག་རིང་འགྲོ་བའམ་མགྲོན་འབུད་དུ་འགྲོ་དུས་རང་གི་ཤིང་ཕོར་འཁྱེར་སྲོལ་ཡོད།པ་རུ་ནི་བོད་རིགས་ཁྱིམ་ཚང་ནང་དུ་ངེས་པར་ཡོད་དགོས་པའི་ཅ་ལག་ཅིག་ཡིན།ལྷག་པར་དུ་གཉེན་སྟོན་སོགས་གལ་ཆེའི་བྱེད་སྒོར་སྤྱོད་དགོས་ཞེས་ཡེ་ཤེས་ཀྱིས་འདི་འདྲ་བཤད་བྱུང་།

      སྤྱི་ཚོགས་འཕེལ་རྒྱས་སུ་སོང་བ་དང་བསྟུན་ནས་དུས་ད་ལྟར་དེ་དག་ནི་ཟས་ཟ་བ་དང་ཇ་འཐུང་བ།རྩམ་པ་བླུག་པའི་ཅ་ལག་ཁོ་ན་མིན་པར།མི་མང་ཙམ་གྱིས་ཤིང་ཕོར་དང་པ་རུ་ཉོས་ནས་ཉར་ཚགས་བྱེད་པའམ་ཁྱིམ་ནང་གི་སྒྲིག་ཆས་སུ་སྤྱོད་པ་དང་།ཉར་ཚགས་རིན་ཐང་ལོ་རེ་བཞིན་མཐོ་རུ་གཏོང་བ།


      2009ལོར།ཡེ་ཤེས་ཀྱིས་མཐོ་ཚད་ལ་སྨི་1.6དང་ཚངས་ཐིག་སྨི1.2ཟིན་པའི་པ་རུ་ཞིག་བཟོས་ཡོད།དེ་ནི་མིག་སྔར་བོད་ཁུལ་དུ་ཆེས་ཆེ་བའི་པ་རུ་ཡིན་ཏེ།ཅི་ཉི་སི་འཛམ་གླིང་ཟིན་ཐོར་རེ་ཞུ་བྱེད་ཐུབ་པའི་རེ་འདོད་ཡོད།

      ལས་སྣ་20ལྷག་ལས་ནས་ཤིང་ཕོར་ཞིག་བཟོ་ཐུབ་མེད།སྔོན་མར་ཀོང་རྩེད་རའི་ཤིང་ཆས་ཐོན་རྫས་ལ་བྱུགས་པའི་རྩི་ནི་གདོད་མའི་རྩི་ཤིང་གི་རྩི་ཡིན།དུས་རབས་གོང་མའི་ལོ་རབས་བདུན་བཅུ་ནས་རྫས་འགྱུར་རྩི་བྱུགས་ཡོད།2004ལོར་སླེབས་པར།ཡེ་ཤེས་ཀྱིས་མཐོང་དོན།རྩི་ཤིང་གི་རྩི་བྱུགས་པའི་པ་རུ་དང་ཤིང་ཕོར་སོགས་ཡུན་རིང་སྤྱོད་ཐུབ་པ་དང་ཚོས་མདངས་ལེགས་ཤིང་སྣུམ་ཞག་དོད་པ།རྫས་འགྱུར་རྩི་བྱུགས་པའི་པ་རུ་དང་ཤིང་ཕོར་སོགས་ལོ་འགའ་མ་འགོར་ཚོས་མདངས་མི་ལེགས་པར་གྱུར་ཡོད།2012ལོ་ནས་ཡེ་ཤེས་ཀྱིས་ཉམས་ཞིབ་བྱས་པ་དང་2017ལོར་རྩི་ཤིང་གི་རྩི་བྱུགས་པའི་ལག་རྩལ་སླར་གསོ་བྱས་པ་རེད།


      ལག་རྩལ་ཐོན་རྫས་འཕེལ་རྒྱས་གཏོང་བ་ལས་གཞན།ཡེ་ཤེས་ཀྱིས་ད་དུང་སྲོལ་རྒྱུན་གྱི་བོད་ལུགས་ཁང་པར་ལག་རྩལ་ཐོན་རྫས་དང་ཀོང་རྩེད་རའི་སྲོལ་རྒྱུན་གནའ་དངོས་ཉར་ཚགས་བྱེད་པའི་འགྲེམ་སྟོན་ཁང་ཆེན་གཉིས་བཀོད་སྒྲིག་བྱེད་པ་དང་།རིམ་བཞིན་ཡུལ་སྐོར་ལྟ་སྐོར་དང་ལག་རྩལ་ཐོན་རྫས་འགྲེམ་སྟོན་བྱེད་པའི་བོད་ཁྱིམ་སྐྱེ་ཁམས་ཡུལ་སྐོར་ངལ་གསོ་གུང་གསེང་གྲོང་ཚོ་ཞིག་བཙུགས་ནས།ཀོང་རྩེད་རའི་བོད་རིགས་ཀྱི་དམངས་སྲོལ་རིག་གནས་འགྲེམ་སྟོན་བྱེད་པར་ཉམས་ཞིབ་བྱེད་བཞིན་ཡོད།