དུར་ཕྱགས་དུས་ཚིགས།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-04-05   རྩོམ་ཁུངས།    ཉི་འོད་བོད་ལྗོངས།



    དུར་ཕྱགས་དུས་ཚིགས་ནི་ཀྲུང་གོའི་སྲོལ་རྒྱུན་དུས་ཆེན་གྱི་ཡ་གྱལ་ཞིག་ཡིན།  དེ་ནི་མི་རྣམས་ཀྱིས་མེས་པོ་རྣམས་ལ་མཆོད་འབུལ་བྱེད་པ་དང་།  སྔོན་གཤེགས་དཔའ་བོར་རྗེས་དྲན་བྱེད་པའི་དུས་ཚིགས་ཤིག་ཡིན་པར་མ་ཟད།   ཀྲུང་ཧྭ་མི་རིགས་ཀྱིས་མེས་པོ་གོང་མ་ངོས་འཛིན་བྱེད་པ་དང་།   ཡབ་མེས་རྣམས་རྗེས་དྲན་བྱེད་པའི་དུས་ཚིགས་ཤིག་ཡིན།    

    དུས་ཚིགས་དེར་མི་རྣམས་ཀྱིས་རང་ཉིད་ཀྱི་མི་གདང་བའི་ཆ་ལ་བལྟ་བ་དང་། རང་ཉིད་ལེགས་ལམ་ལ་འཇུག་པ། རྗེས་རབས་ཁྲིད་སྟོན་བྱེད་པ་བཅས་བྱེད་ཀྱི་ཡོད།    དེ་བཞིན་མི་ཚེའི་རིན་ཐང་གཞལ་བ་དང་། མེས་པོ་གོང་མ་རྣམས་ཀྱི་དུར་སར་རྩྭ་ངན་དང་ཤིང་ལོ་གཙང་ཕྱགས་བྱས་ཏེ།  མེ་ཏོག་སོས་པ་ཕུལ་ནས་དྲང་ནུས་དར་སྤེལ་གཏོང་གི་ཡོད།   དུས་ཚིགས་དེ་ལོ་ལྟར་གྱི་སྤྱི་ཟླ་༤པའི་ཚེས་༤ནས་༥བའི་བར་དུ་ཡིན།  

    དུར་ཕྱགས་དུས་ཆེན་ལ་ད་བར་ལོ་ངོ་༢༥༠༠ལོ་རྒྱུས་ཡོད་ལ།   གནའ་དུས་སུ་སྔོ་གསོལ་དུས་ཚིགས་དང་།   ཟླ་གསུམ་པའི་དུས་ཚིགས།  མེས་པོར་མཆོད་འབུལ་བྱེད་པའི་དུས་ཚིགས། དུར་ཕྱགས་དུས་ཚིགས་སོགས་འབོད་སྲོལ་དུ་མ་ཡོད།  དེ་ནི་དུས་ཚིགས་ཉེར་བཞིའི་གྲས་ཤིག་ཡིན་ལ།  དུས་ཚིགས་ཉེར་བཞིའི་ཡ་གྱལ་དང་།   དུས་སྟོན་ཀྱང་ཡིན་པ་ནི་དུར་ཕྱགས་དུས་ཆེན་གཅིག་བུ་ཡིན།

སྤྱི་ལོ་༢༠༡༣ལོར་དུར་ཕྱགས་དུས་ཚིགས་ནི་ཁག་དང་པོའི་རྒྱལ་ཁབ་རིམ་པའི་མངོན་མེད་རིག་གནས་ཤུལ་བཞག་གི་མིང་ཐོའི་ནང་དུ་ཚུད་པ་རེད།