རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-04-03   རྩོམ་ཁུངས།    ཀྲུང་གོའི་བོད་སྐད་རླུང་འཕྲིན་དྲ་བ།
ཉེ་དུས་གསར་འགོད་པར་མཚོ་སྔོན་ཞིང་ཆེན་སྲིད་གཞུང་་གསར་འགྱུར་གཞུང་ལས་ཁང་གིས་སྐོང་འཚོགས་བྱས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། སྤྱི་ལོ་2018ལོར་མཚོ་སྔོན་ཞིང་ཆེན་གྱིས་དམངས་འཚོའི་བྱ་བ་དངོས་ཀྱི་ལས་གཞི་ཁག་གཅིག་ལག་བསྟར་བྱས་ཏེ། མང་ཚོགས་ཀྱི་དོ་ཁུར་བྱེད་ཡུལ་ལ་ལན་ཆ་བྱ་རྒྱུ་ཡིན་པ་རེད།
མཚོ་སྔོན་གྱིས་མཛེས་སྡུག་ལྡན་པའི་གྲོང་ཁྱེར་དང་གྲོང་བརྡལ་16དང་། གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་རྣམ་གྲངས་500ལག་བསྟར་བྱ་རྒྱུ་དང་། མཐོ་སྒང་གི་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་རྣམ་གྲངས་300ལེགས་སྒྲུབ་བྱ་རྒྱུ། ཟི་ལིང་དང་མཚོ་ཤར་གྱི་ལྷོ་བྱང་རི་བོའི་གཙོ་གནད་ཁྱབ་ཁོངས་སུ་ནགས་ཚལ་མུའུ་1000སྐྲུན་རྒྱུ། ཚའོ་ཅ་པའོ་གནམ་ཐང་གི་མཐའ་འཁོར་དུ་ཞིང་ཆུ་འདྲེན་རྒྱུ་དང་ནགས་ཚལ་མུའུ་གསུམ་ཁྲི་གསུམ་སྟོང་སྐྲུན་ཚར་བ་བྱ་རྒྱུ། གསང་སྐྱོད་བསྒྱུར་བཅོས་ཀྱི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི་ལག་བསྟར་བྱེད་འགོ་ཚུགས་ཏེ། གཙོ་གནད་ཡུལ་སྐོར་མཛེས་ལྗོངས་ཁུལ་དུ་ཚད་གཞི་མཐོ་བའི་ཡུལ་སྐོར་གསང་སྤྱོད་148གསར་སྐྲུན་དང་བསྒྱུར་བཀོད་བྱ་རྒྱུ། གཞི་རིམ་གྱི་ཕྱོགས་བསྡུས་རང་བཞིན་གྱི་རིག་གནས་ཞབས་ཞུའི་ལྟེ་གནས་540སྐྲུན་རྒྱུ། ཞིང་ཆེན་དེ་ཡོངས་ཀྱི་གྲོང་ཁྱེར་གཙོ་བོའི་མཁའ་རླུང་སྤུས་ཚད་ཡག་པའི་ཉིན་གྲངས་བརྒྱ་ཆ་78ཡན་ཟིན་པ་བཅས་བྱ་རྒྱུ་ཡིན་པ་རེད།