བོད་རང་གིས་བཟོས་པའི་མགུལ་རིས་གློག་བརྙན་ཐོག་མ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-04-02   རྩོམ་ཁུངས།    མི་གསལ།

        བོད་ཀྱི་དམངས་ཁྲོད་གཏམ་རྒྱུད་ཁྲོད་དུ། ཨ་ཁུ་སྟོན་པ་ནི་ཀུན་གྱིས་རྒྱུས་མངའ་ཡོད་པའི་གཏམ་རྒྱུད་ཅིག་རེད། ཨ་ཁུ་ནི་སྟོན་པས་བློ་གྲོས་ཀྱི་ཐབས་ལ་བརྟེན་ནས། གཏམ་འདོད་ལ་དགའ་བའི་མི་དང་། ཧམ་སེམས་ཅན་གྱི་ཚོང་པ། ངན་སེམས་ཅན་གྱི་མངའ་བདག་རྣམས་གཉའ་ནས་བཅགས་ཤིང་། ཉམས་ཆུང་ནུས་མེད་མཐའ་ནས་སྐྱོང་མཁན་ཞིག་ཡིན།

       ཨ་ཁུ་སྟོན་པའི་གཏམ་རྒྱུད་ནང་། བག་ཡངས་ཀྱི་བསམ་བློ་དང་། རང་བྱུང་ལ་གཅེས་སྐྱོང་། རླབས་ཆེན་གྱི་ཀུན་སྤྱོད། རང་ཚོད་རང་ཟིན། ལྷག་བསམ་རྣམ་དག  ཕན་ཚུན་འཆམ་མཐུན་སོགས་བོད་མི་རིགས་ཀྱི་ལོ་ངོ་མང་པོའི་རིང་གི་ཕུལ་བྱུང་བསམ་བློ་གཅིག་ཏུ་འདུས་ཡོད། ཁོང་གི་དགོད་བྲོ་ལ་སྤྱང་གྲུང་ལྡན་པའི་གཏམ་རྒྱུད་ཁྲོད་དུ་མི་རྣམས་ལུས་སེམས་བདེ་བའི་ཞིང་དུ་བསྐྱལ་ཐུབ་པར་མ་ཟད།  མི་ཚེའི་གནས་ལུགས་ཡང་རྟོགས་ཐུབ་ཀྱི་ཡོད།    

      ཨ་ཁུ་སྟོན་པའི་འགུལ་རིས་གློག་བརྙན་གྱི་སྤུས་ཚད་དང་སྒྲིག་བཟོ་བདེ་བླག་ཡོང་ཆེད། སྒྲིག་བཟོ་རུ་ཁག་གིས་ཐོག་མར་ཨ་ཁུ་སྟོན་པའི་དམངས་ཁྲོད་གཏམ་རྒྱུད་བསྡུ་སྒྲིག་བྱས་ཤིང་། དེ་དག་ཆེད་ལས་མི་སྣ་གདན་དྲངས་ནས་ལེགས་འདེམས་བྱས་པ་དང་། དེའི་རྗེས་སྒྲུང་གི་འཕེལ་རིམ་ལྟར་རིམ་པ་ལྟར་བརྒྱུས་བྱས། དེ་དག་བོད་ཀྱི་ཆེད་ལས་མཁས་དབང་དང་ཤེས་ཡོན་ཅན་གདན་ཞུ་བྱས་ནས་འཁྲབ་གཞུང་རིག་སྒྲུབ་ཡང་དག་པ་བྱས་རྗེས་གཞི་ནས་བཟོ་སྒྲིག་བྱས་པ་རེད།

     བོད་ཀྱི་འགུལ་རིས་གློག་བརྙན་ཐོག་མ་འདི། གྲ་སྒྲིག་ལས་དོན་མང་པོ་སྤེལ་ནས། སྒྲིག་བཟོ་བྱས་པའི་བརྒྱུད་རིམ་ནང་། སྔར་བཞིན་དཀའ་ངལ་མང་དག་ཅིག་ལ་འཕྲད་ཡོད་ཀྱང་། ཐོག་མཐའ་བར་གསུམ་དུ་བོད་རིགས་ཆེད་ལས་མཁས་པས་མཛུབ་སྟོན་བྱས་ཡོད།