འཇོལ་རྫོང་གིས་སྨན་རིའི་ཁྱད་ལྡན་གྲོང་རྡལ་ཆུང་ཆུང་འཛུགས་སྐྲུན་རྣམ་གྲངས་ཀྱི་འདོད་འདུན་ཡི་གེར་མིང་རྟགས་འགོད་པའི་མཛད་སྒོ་བསྡུས།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-03-22   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        ཟླ3པའི་ཚེས18ཉིན།འཇོལ་རྫོང་སྨན་རིའི་ཁྱད་ལྡན་གྲོང་རྡལ་ཆུང་ཆུང་འཛུགས་སྐྲུན་རྣམ་གྲངས་ཀྱི་འདོད་འདུན་ཡི་གེར་མིང་རྟགས་འགོད་པའི་མཛད་སྒོ་བསྡུས་པ་དང་།རྫོང་སྲིད་གཞུང་དང་ཧྭ་ཆའོ་ཁྲེང་ཡུན་ནན་ཚོགས་ཁག  ཧྥེང་ཧྲེང་ཚོགས་ཁག་ཧྥེང་ཧྲེང་ཡུལ་སྐོར་ས་ཁང་།སུམ་རྩེན་རིག་གནས་དང་ཡུལ་སྐོར་ཚོགས་ཁག་བཅས་ཀྱིས་《སྨན་རིའི་ཁྱད་ལྡན་གྲོང་རྡལ་ཆུང་ཆུང་འཛུགས་སྐྲུན་རྣམ་གྲངས་ཀྱི་འདོད་འདུན་ཡི་གེར》་མིང་རྟགས་འགོད་པ་རེད།




        སྨན་རིའི་ཁྱད་ལྡན་གྲོང་རྡལ་ཆུང་ཆུང་ནི་འཇོལ་རྫོང་ཧྲེང་ཕིང་གྲོང་རྡལ་དབུ་ནུབ་སྟེང་དུ་གནས་པ་དང་།ཡུན་བོད་མཛེས་ལྗོངས་ཁུལ་གྱི་རིག་གནས་བར་ཁྱམས་སུ་བསྐྱོད་ནས།པདྨ་གངས་རི་ལ་ཁུག་4292ལྗོངས་ཁུལ་བརྒལ་རྗེས་སྨན་རིར་ལྗོངས་ལྟ་བྱེད་སའི་ས་ཚིགས་དང་པོ་ཡིན་ལ།ཤམ་བྷ་ལ་རིག་གནས་ཆེན་མོའི་མགྲིན་ཚབ་དང་སྨན་རིའི་ཡུལ་སྐོར་ཐོན་ཁུངས་སྡེབ་སྒྲིག་སོགས་ཀྱི་མངོན་མེད་སྟོབས་ཤུགས་ལྡན་པ་རེད།ཉེ་བའི་ལོ་ཤས་རིང་།འཇོལ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་སྨན་རིར་དབུ་ནུབ་སྟེང་གཅིག་ལས་མེད་པ་དང་།འཛམ་གླིང་ལ་དབུ་ནུབ་སྟེང་གཅིག་ལས་མེད་པའི་གནས་གཏན་ཁེལ་བྱས་ནས།སྐྱེ་ཁམས་ལྟ་སྐོར་དང་གངས་རིར་པར་ལེན།ལུས་ཁམས་གསོ་བ་སོགས་ཀྱིས་གཙོ་བྱས་ནས།ཧུར་བརྩོན་གྱིས་ཕྱི་རོལ་ཡུལ་དུ་དབུ་ནུབ་སྟེང་དྲིལ་བསྒྲགས་བྱས་ཏེ།ཁ་དན་ཚིག་གནས་ཀྱི་ཁེ་ལས་ཀྱིས་མ་རྩ་བཏང་ནས་སྨན་རིའི་ཁྱད་ལྡན་གྲོང་རྡལ་ཆུང་ཆུང་བསྐྲུན་པར་བརྩོན་ལེན་བྱས་པ་རེད།ཕྱོགས་གང་མང་གིས་ཧུར་བརྩོན་བྱས་པ་བརྒྱུད།




        2017ལོར་སྨན་རིའི་ཁྱད་ལྡན་གྲོང་རྡལ་ཆུང་ཆུང་དེ་ཞིང་ཆེན་རིམ་པའི་འཆར་འགོད་ནང་ཚུད་པ་རེད།མིག་སྔར།རྫོང་སྲིད་གཞུང་གིས་《སྨན་རིའི་ཁྱད་ལྡན་གྲོང་རྡལ་ཆུང་ཆུང་འཕེལ་རྒྱས་གཏོང་བའི་སྤྱི་ཡོངས་ཀྱི་འཆར་འགོད་》དང་《སྨན་རིའི་ཁྱད་ལྡན་གྲོང་རྡལ་ཆུང་ཆུང་བཟོ་སྐྲུན་རང་བཞིན་གྱི་ཞིབ་ཕྲའི་འཆར་འགོད་》བཟོས་ཟིན་པ་དང་།ཚོང་འགུགས་རྣམ་གྲངས་ལ་མཁོ་བའི་ས་ཞིང་ཁོད་སྙོམས་དང་། ཆུ་གློག་བགྲོད་ལམ་སོགས་རྨང་གཞིའི་རྒྱུ་རྐྱེན་གཙོ་བོ་གཞི་རྩའི་ཆ་ནས་འཛོམས་ཡོད་པ་རེད།