རྒྱལ་སྲིད་སྤྱི་ཁྱབ་ཁང་གི་པུའུ་ཀྲང་། ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན། ཀྲུང་གོ་མི་དམངས་དངུལ་ ཁང་གི་འགོ་འཛིན། རྩིས་བཤེར་འགོ་འཛིན་གྱིས་རྩ་ཁྲིམས་དམ་འཇོག་གནང་བ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-03-20   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

     


        མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་19ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་ཚོགས་པ་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཙུང་ལི་ལི་ཁེ་ཆང་གིས་མིང་འདོན་གནང་བ་ལྟར། འདེམས་ཤོག་འཕངས་ནས་བརྡས་ཐག་བཅད་པ་བརྒྱུད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་པུའུ་ཀྲང་དང་། ཨུ་ཡོན་ལྷན་ཁང་སོ་སོའི་ཀྲུའུ་རེན། ཀྲུང་གོ་མི་དམངས་དངུལ་ཁང་གི་འགོ་འཛིན། རྩིས་བཤེར་འགོ་འཛིན་བཅས་བསྐོས་པ་རེད།