པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་འདི་ལྟར་གསུངས།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-03-19   རྩོམ་ཁུངས།    ཀྲུང་གོའི་བོད་ལྗོངས་དྲ་བ།

        རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་ཆོས་ལུགས་ལས་རིགས་ཁག་གི་ཚོགས་ཆུང་སྟེང་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས “ཆོས་ལུགས་ཀྲུང་གོ་ཅན་དུ་ཁ་ཕྱོགས་པ”ཞེས་པའི་གཏམ་བཤད་གནང་ཞིང་།  ཁོང་གིས་གསུངས་དོན།  ནང་བསྟན་ནི་ཕྱི་ནས་ཡོང་བའི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བ་ཅུང་ལེགས་པོའི་དངོས་དཔེ་གསོན་པོ་ཞིག་ཡིན་ཞིང་། ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་འཕེལ་རིམ་ཁྲོད་ཀྲུང་ཧྭའི་རིག་གནས་དང་ཕན་ཚུན་མཉམ་འདྲེས་ཐུབ་པ་དང་། དེ་བས་ཀྱང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་དང་འཚམ་པར་བྱ་དགོས། དེའི་ཐད་ཁོང་གིས་ནང་བསྟན་ཆོས་ལུགས་ནང་གི་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དང་གཅིག་མཐུན་གྱི་ནང་དོན་སྔར་བས་སྔོག་འདོན་བྱས་ཏེ། རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་བཅའ་ཁྲིམས་བརྩི་སྲུང་བྱེད་པའི་རྨང་གཞིའི་ཐོག་དགོན་སྡེར་དོ་དམ་དང་། ཆོས་བཤད་བསྔོ་སྨོན་གྱི་ལས་དོན་སྤེལ་དགོས་པར་གསུངས།

 


རི་མོ་འདི་ནི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་ཚོ་ཆུང་གི་ཚོགས་འདུའི་ཐོག་ཀྲུང་གོའི་གནམ་བདག་ཆོས་ལུགས་ཀྱི་ཆོས་དཔོན་ཚོགས་པའི་ཀྲུའུ་ཞི་མ་ཡིང་ལིན་དང་གྲོས་བསྡུར་བྱེད་པའི་རྣམ་པ་རེད།

        ནང་བསྟན་ཆོས་ལུགས་ཀྱི་རྒྱུན་འཛིན་དང་འཕེལ་རྒྱས་ཐད་ཁོང་གིས་གསུངས་དོན། བོད་བརྒྱུད་ནང་བསྟན་ཆོས་ལུགས་འདི་ལོ་ངོ་སྟོང་ལྷག་རིང་རྒྱུན་འཛིན་ཐུབ་པ་ནི་དེ་ཉིད་དུས་རབས་ཀྱི་འཕེལ་རྒྱས་ཀྱི་ཁོར་ཡུག་དང་འཚམ་པ་བྱེད་ཐུབ་པའི་རྐྱེན་གྱིས་ཡིན་ཞིང་། བོད་བརྒྱུད་ནང་བསྟན་འདིས་ཐོག་མར་རང་སྟེང་གི་འཛུགས་སྐྲུན་དང་། རྩ་བ་ཡོ་བསྲང་བྱེད་ཅིང་ཡོང་ཁུངས་གཙང་མ་བཟོས་ཏེ་སྒྲུབ་སྦྱོང་གི་ཁོར་ཡུག་དེ་བས་རྣམ་དག་དང་གཙང་མ་བྱས།  དེ་ནས་དངོས་ཡོད་ཀྱི་ལས་ཀའི་ནང་ཞུགས་པ་སྟེ། དཔེར་ན་རྒྱལ་ཁབ་གཅིག་གྱུར་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་ཡོང་བ་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་སོགས་ཡིན། པཎ་ཆེན་གྱིས“ རྒྱལ་ཁབ་འཕེལ་རྒྱས་སུ་གཏོང་ཐུབ་མིན་དང་། མི་རིགས་མཐུན་སྒྲིལ་དང་། འགྲོ་བ་ཀུན་བདེ་ལ་འགོད་རྒྱུ་མུ་མཐུད་དུ་རྒྱུན་འཛིན་བྱེད་ཐུབ་མིན་དེ་གཙོ་བོ་ང་ཚོའི་མི་རབས་འདིའི་འབད་བརྩོན་ལ་བརྟེན་དགོས”ཞེས་གསུངས།

        ཟླ3པའི་ཚེས4ཉིན་ནས་བཟུང་། ཀྲུང་གོའི་ཆོས་ལུགས་ཆེན་པོ་ལྔ་ནས་ཡོང་བའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་རྣམས་ཆོས་ལུགས་ལས་རིགས་ཀྱི་ཚོགས་ཆུང་དུ་མཉམ་འཛོམས་བྱུང་སྟེ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་དང་། སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་གྲོས་བསྡུར་དང་། རྩ་ཁྲིམས་དག་བཅོས་ཀྱི་འཆར་ཟིན་གྱི་མ་ཟིན་ལ་གྲོས་ཞིབ། སྲིད་གྲོས་ཀྱི་སྒྲིག་ཡིག་དག་བཅོས་འཆར་ཟིན་ལ་གྲོས་ཞིབ་གནང་སྟེ་འཆར་ཟིན་དང་འབྲེལ་བའི་གྲོས་གཞིའི་ལས་དོན་བསྒྲུབས་ཚུལ་སྐོར་ལ་བསམ་བློ་བརྗེ་རེས་ཟབ་མོ་བྱས། ད་ལོ་ནི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས2010 ལོར་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་པའི་འགན་བཞེས་པ་ནས་བཟུང་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ལ་ཞུགས་ཐེངས་དགུ་པ་ཡིན་ཞིང་། ཚོ་ཆུང་གི་ཉིན་ཤས་གོང་། ཁོས་གཏམ་བཤད་གནང་མེད་པར་གཟབ་ནན་གྱིས་ཉན་པར་མ་ཟད། རྣམ་པ་ཀུན་ཏུ་མགོ་སྒུར་ནས་ཟིན་ཐོར་འགོད་པ་དང་ཉེ་འགྲམ་གྱི་ཨུ་ཡོན་རྣམས་དང་གྲོས་བསྡུར་བྱས། ཚོགས་འདུའི་བར་སྐབས་ནས་ངལ་གསོ་བའི་དུས་ཡུན་ནང་། ཨུ་ཡོན་རྣམས་ཀྱིས་རང་འགུལ་ངང་མདུན་དུ་སོང་ནས་ཁོ་དང་མཉམ་པར་རྒྱག་བཞིན་ཡོད།

 


རི་མོ་འདི་ནི་པཎ་ཆེན་རིན་པོ་ཆེས་མཚོ་སྔོན་གྱིས་དད་ལྡན་མང་ཚོགས་ལ་ཕྱག་དབང་གནང་བའི་རྣམ་པ་རེད།  

        ད་ལྟའི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་། ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་པཎ་ཆེན་རིན་པོ་ཆེས་ཁོང་ལ་སྤྲད་པའི་སྲིད་གྲོས་ཀྱི་འགན་འཁྲི་སྔར་བས་ཡག་པོར་ལག་བསྟར་བྱ་ཆེད། འདས་ཟིན་པའི་ལོ་གཅིག་ནང་མཚོ་སྔོན་དང་བོད་ལྗོངས་སོགས་ཀྱི་ས་གནས་གྲོང་ཁྱེར་དང་།ཁུལ་བརྒྱད་ལྷག་ཏུ་ཡུལ་དངོས་རྟོག་ཞིབ་གནང་བར་མ་ཟད། བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཆེན་པོའི་ཐོབ་ཐང་གིས་ཆོས་ཕྱོགས་ཀྱི་མཛད་སྒོ་སྤེལ་ཞིང་། དུས་རབས་གསར་པའི་བོད་བརྒྱུད་ནང་བསྟན་གྱི་བླ་སྤྲུལ་ཆེན་པོའི་ཉམས་འགྱུར་བཟང་པོ་མངོན་ཏེ་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་བླ་མ་སྐྱེས་ཆེན་ཁག་གིས་ཁས་ལེན་གང་ལེགས་བྱས་པ་དང་། སེར་སྐྱ་དད་ལྡན་མང་ཚོགས་ཀྱི་གདེང་འཇོག་བཟང་པོ་རྒྱ་ཆེན་པོ་དང་ཚད་མཐོའི་བསྔགས་བརྗོད་ཐོབ་ཡོད།

        པཎ་ཆེན་རིན་པོ་ཆེས་ཚོ་ཆུང་གི་ཚོགས་འདུའི་ཐོག་བརྟག་དཔྱད་ཞིབ་འཇུག་བྱ་བའི་གོ་རིམ་ཁྲོད་ཞིང་འབྲོག་མང་ཚོགས་དང་འབྲེལ་འདྲིས་བྱས་པའི་མྱོང་ཚོར་ལོངས་སུ་སྤྱད་ཅིང་། ཁོང་གིས་གསུང་རྒྱུར། ཏང་གི་འགོ་ཁྲིད་འོག་དང་། མི་རིགས་ཁག་དང་ལས་རིགས་ཁག་གི་ཐུན་མོང་གི་འབད་བརྩོན་འོག  བོད་རིགས་ས་ཁུལ་དུ་འཕེལ་རྒྱས་དང་འགྱུར་ལྡོག་ཧ་ཅང་ཆེན་པོ་བྱུང་ཡོད་པ་དང་། ལྷག་པར་དུ་ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཆུ་ཚད་ཉིན་རེ་བཞིན་གོང་འཕེལ་དུ་བྱུང་ཡོད་པའི་ཚོར་བ་ཟབ་མོ་རང་ཉིད་ལ་སྐྱེས་ཤིང་། ཞིང་འབྲོག་མང་ཚོགས་ཀྱི་འཛུམ་མདངས་ཁྲོད་ནས་ཁོ་ཚོའི་སེམས་གཏིང་གི་དགའ་ཚོར་དང་ད་ཡོད་ཀྱི་འཚོ་བར་གཅེས་སྤྲས་བྱེད་པ་དང་དེ་བཞིན་མཛེས་སྡུག་ལྡན་པའི་འཚོ་བར་རེ་སྨོན་བྱེད་པའི་མྱོང་ཚོར་སྦྱིན། ཁོང་གིས་ད་དུང་མུ་མཐུད་དུ་རྟོག་ཞིབ་ཞིབ་ཚགས་བཀོད་སྒྲིག་བྱས་ཏེ་གྲངས་གཞི་དང་དངོས་དཔེ་ཟུང་འབྲེལ་གྱིས་གྲོས་གཞི་ཡག་པོ་བཟོ་རྒྱུ་ཡིན་ཞེས་གསུངས།

        ཆོས་ལུགས་མི་སྣས་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གྱི་ཐད། པཎ་ཆེན་རིན་པོ་ཆེས་ཆོས་ལུགས་མི་སྣའི་ལས་དོན་དེ་བསམ་བློའི་ཆ་གཅིག་པུ་ནས་མི་སྡོད་པར། ད་དུང་དངོས་ཡོད་ཀྱི་ལས་ཀའི་ནང་དུ་ཞུགས་པ་དང་། སྤྱི་ཕན་དགེ་སྒྲུབ་ཀྱི་བྱ་གཞག་ནང་དུ་ཞུགས་ཏེ་ཆོས་ལུགས་ལ་དམིགས་བསལ་དུ་ཡོད་པའི་ཆོས་དད་དང་རིན་ཐང་གི་ཐད་ནས་མི་རྣམས་ལ་རེ་བ་དང་། མི་རྣམས་ལ་བརྩི་བཀུར་གྱི་བསམ་པ་བྱིན་ཏེ། རྒྱལ་ཁབ་གཅིག་གྱུར་ཡོང་བ་སྲུང་སྐྱོང་དང་། མི་རིགས་མཐུན་སྒྲིལ་གཏིང་ཟབ་ཏུ་གཏོང་བར་བྱས་རྗེས་གསར་པ་འཇོག་ཆེད་དང་། དེང་རབས་ཀྱི་ཀྲུང་གོ་འཕེལ་རྒྱས་དང་ཀྲུང་གོ་མི་དམངས་ཀྱི་བདེ་སྐྱིད་མཐོར་འདེགས་སུ་གཏོང་ཆེད་སྟོབས་ཤུགས་འབུལ་དགོས་ཞེས་གསུངས་སོ། །