སྐབས་གསུམ་པའི་རྒྱལ་ཡོངས་ཀུ་ཀུ་ཤ་མོའི་ཚོགས་ཆེན་སེམས་ཀྱི་ཉི་ཟླར་སྤེལ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-03-12   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

    

    ཟླ་3པའི་ཚེས་10ཉིན་གྱི་སྔ་དྲོར། ཐོན་ལས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གསར་གཏོད་བྱེད་པ་དང་ཐོན་ལས་དར་འཕེལ་གྱི་གོ་སྐབས་གསར་པ་མཉམ་དུ་སྐྲུན་ཞེས་པ་བརྗོད་བྱ་གཙོ་བོ་བྱས་པ་དང་།  ཀྲུང་གོའི་ཤ་མོའི་རིགས་ཀྱི་སློབ་ཚོགས་དང་ཁུལ་མི་དམངས་སྲིད་གཞུང་གིས་མཉམ་སྒྲུབ་བྱེད་པའི་2018ལོའི་སྐབས་གསུམ་པའི་རྒྱལ་ཡོངས་ཀུ་ཀུ་ཤ་མོའི་ཚོགས་ཆེན་སེམས་ཀྱི་ཉི་ཟླར་བསྡུས་ཏེ།   རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར།   རང་སྐྱོང་ཁུལ་29ནས་ཡོང་བའི་ཤ་མོའི་ལས་རིགས་ཀྱི་ཆེད་མཁས་པ་དང་ཁེ་ལས་པ།   དེ་མིན་འདེབས་གསོ་འཐུས་མི་སོགས་ཕལ་ཆེར་མི་400ཡིས་མཉམ་དུ་འཛོམས་ནས་ཀུ་ཀུ་ཤ་མོའི་དར་འཕེལ་སྐོར་འཆར་འགོད་བྱས་པ་རེད།


 


བདེ་ཆེན་ཁུལ་ཨུའི་ཧྲུའུ་ཅི།  ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གུའུ་ཁུན་གྱིས་དགའ་བསུའི་སྨོན་ཚིག་གནང་།

 


ཀྲུང་གོའི་ཤ་མོའི་སློབ་ཚོགས་ཀྱི་ལས་འཛིན་འགོ་གཙོ་ཀུའོ་ལིའང་ཏུང་གིས་འགོ་ཚུགས་སྨོན་ཚིག་གནང་།

 

ཡུན་ནན་ཞིང་ཆེན་མཐོ་སྒང་ཁྱད་ལྡན་དེང་རབས་ཅན་གྱི་ཞིང་ལས་ཆེད་མཁས་པའི་བློ་འདྲི་ལྷན་ཚོགས་ཀྱི་ཚོགས་གཙོ་ཁྲེ་ཀྲི་རྨིན་གྱི་གསུང་བཤད་གནང་བཞིན་པ།

 


    ཞིང་ཨུའི་ཞིང་ལས་གཞུང་ལས་ཁང་གི་ཀྲུའུ་རེན་གཞོན་པ།  ཡུན་ནན་ཞིང་ཆེན་ཞིང་ལས་ཐིང་གི་ཐིང་ཀྲང་གཞོན་པ་ཝང་ཕིང་ཧྭ་ཡིས་ཚོགས་འདུ་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་།

    ཤེས་རྟོགས་བྱུང་དོན། 2018ལོའི་སྐབས་གསུམ་པའི་རྒྱལ་ཡོངས་ཀུ་ཀུ་ཤ་མོའི་ཚོགས་ཆེན་ནི་ཁུལ་ཡོངས་ཀྱི་ཞིང་ལས་དང་གྲོང་གསེབ་ཀྱི་དཔལ་འབྱོར་མྱུར་མགྱོགས་དང་བདེ་བླག་ངང་དར་འཕེལ་བྱུང་བ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ།  བདེ་ཆེན་སེམས་ཀྱི་ཉི་ཟླའི་ཀུ་ཀུ་ཤ་མོའི་ཐོན་རྫས་ཀྱི་སྤུས་རྟགས་བཞེངས་སྐྲུན་བྱེད་པའི་གོ་སྐབས་ཡག་པོ་ཞིག་ཀྱང་ཡིན།  


 



ཚོགས་ཆེན་གྱི་ཡུལ་དངོས།

    ཚོགས་ཆེན་བརྒྱུད་ནས། རྒྱལ་ཡོངས་ཀྱི་ཤ་མོའི་རིགས་ཀྱི་ཆེད་མཁས་པས་བདེ་ཆེན་གྱི་ཤ་མོའི་རིགས་ཀྱི་ཐོན་ལས་དར་འཕེལ་ལ་ཐུགས་ཁུར་བྱེད་པ་དང་།  འདེབས་གསོ་དང་ཐོན་སྤེལ་སྡུད་སྤེལ་གྱི་ལག་རྩལ་ཁྱབ་གདལ་གཏོང་བ།  བདེ་ཆེན་གྱི་ཤ་མོའི་རིགས་ཀྱི་ཐོན་ལས་ཀྱི་ལག་རྩལ་མ་ལག་འཐུས་ཚང་དུ་གཏོང་བ་མ་ཟད།   ཤ་མོའི་རིགས་ཀྱི་ཐོན་སྐྱེད་དང་ལས་སྣོན།  བརྒྱུད་འཚོང་ཁེ་ལས་དེ་བས་མང་པོས་བདེ་ཆེན་དུ་མ་དངུལ་གཏོང་ནས་ལས་རིགས་སྐྱོང་རོགས་བྱེད་པར་འགུག་འདྲེན་བྱ་རྒྱུ་རེད།


 



ཀུ་ཀུ་ཤ་མོ།

    ཉེ་བའི་ལོ་འགའི་རིང་།  རི་སྐྱེས་ཤ་མོའི་རིགས་ཀྱི་འཚོལ་བསྡུ་དང་། མིས་བཟོས་ཤ་མོའི་རིགས་ཀྱི་འདེབས་གསོ། ལས་སྣོན།  ཕྱིར་གཏོང་སོགས་ནི་བདེ་ཆེན་མང་ཚོགས་ཀྱི་དཔལ་འབྱོར་ཡོང་སྒོ་གལ་ཆེན་དང་དབུལ་ཐར་ཕྱུག་འགྱུར་གྱི་ལམ་བུ་གལ་ཆེན་ཞིག་ཏུ་གྱུར་ཡོད།   ཀུ་ཀུ་ཤ་མོ་དང་དྲི་ཞིམ་ཤ་མོ་སོགས་མིས་བཟོས་ཤ་མོའི་འདེབས་གསོ་རྒྱ་ཁྱོན་མུའུ1576ཟིན་པ་དང་།  དེའི་ཁྲོད་དུ་ཀུ་ཀུ་ཤ་མོ་མུའུ་1478.55འདེབས་གསོ་བྱས་ཡོད་དེ།   འདེབས་གསོ་རྒྱ་ཁྱོན་སྤྱིའི་93.29%ཟིན་ཡོད།  


 



ཚོགས་ཆེན་གྱི་ཡུལ་དངོས།

    འགོ་ཚུགས་མཛད་སྒོའི་ཐོག  ཁུལ་མི་དམངས་སྲིད་གཞུང་དང་ཡུན་ནན་ཞིང་ཆེན་གྱི་ཁྱད་ལྡན་ཐོན་ལས་སྐུལ་སྤེལ་ཚོགས་ཁག  ཁུལ་གསར་སྤེལ་མ་འཇོག་ཚོགས་པ་དང་པེ་ཅིང་སའེ་པོ་ལེ་ལྗང་མདོག་ཚན་རྩལ་མ་འཇོག་དོ་དམ་ཚད་ཡོད་ཀུང་སི་སོགས་ཀྱིས་ཀུ་ཀུ་ཤ་མོའི་འདེབས་གསོ་དང་ཉོ་འཚོང་གི་གན་རྒྱ་འཇོག་པ་རེད། 

 



ཞིབ་གྲོས་ཚོགས་འདུའི་ཡུལ་དངོས།

    འགོ་ཚུགས་མཛད་སྒོའི་རྗེས་སུ། ཀུ་ཀུ་ཤ་མོའི་འདེབས་གསོ་ལག་རྩལ་གྱི་ཞིབ་གྲོས་ཚོགས་འདུ་དང་། ཀུ་ཀུ་ཤ་མོའི་སྤུས་རྟགས་འཐབ་ཇུས་དང་ཚོང་རའི་འཚོང་ཐབས་ཀྱི་གླིང་ར་སོགས་ཀྱི་བྱེད་སྒོ་སྤེལ།