རྒྱལ་ཡོངས་སྲིད་གྲོས་སྐབས་13པའི་ཚོགས་འདུ་ཐེངས་དང་པོ་འགོ་ཚུགས་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-03-05   རྩོམ་ཁུངས།    མི་དམངས་ཉིན་རེའི་ཚགས་པ།


    ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ཀྲང་ཏེ་ཅང་། ཀྲང་ཀའོ་ལི། ལི་ཀྲན་ཧྲུའུ།ཝང་ཧུའུ་ཉིང་།ཀྲའོ་ལེ་ཅི།ཧན་ཀྲེང་བཅས་ཚོགས་འདུར་ཕེབས་ནས་རྟེན་འབྲེལ་ཞུས་པ།

    ཡུས་ཀྲེང་ཧྲེང་གིས་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་གནང་བ།དབང་དབྱང་གིས་ཚོགས་ འདུ་གཙོ་སྐྱོང་གནང་བ།དབན་ཀང་གིས་གྲོས་གཞིའི་ལས་དོན་སྤེལ་ཚུལ་སྐོར་གྱི་སྙན་སྒྲོན་གནང་བ།

    ནུས་སེམས་གཅིག་སྒྲིལ་དང་ལག་གདང་སྦྲེལ་ནས་དུས་རབས་གསར་པར་སྐྱོད།སྔ་འཛིན་ཕྱི་གཏོད་བྱས་ནས་འོད་སྟོང་འབར་བའི་གྲུབ་འབྲས་གསར་པ་གཏོད།གཟི་བརྗིད་ལྡན་པའི་ལོ་ཟླ་འགྲིམ་པ་དང་མཐུན་སྒྲིལ་དང་དམངས་གཙོའི་བརྗོད་དོན་གཙོ་བོ་ཆེན་པོ་གཉིས་མཐའ་འཁྱོངས་བྱེད་མཁན་མི་དམངས་སྲིད་གྲོས་ཀྱིས་ལོ་རྒྱུས་ཀྱི་དུས་སྐབས་གལ་ཆེན་ཞིག་སླར་ཡང་བསུས་ཤིང་།ཚེས་3ཉིན་གྱི་ཕྱི་དྲོ་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་དང་པོ་མི་དམངས་ཚོགས་ཁང་ཆེ་མོར་འགོ་ཚུགས་པ་རེད།

    སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་ཆེན་ཐོག་གནང་བའི་ལས་དོན་སྙན་སྒྲོན་ནང་།ཀྲུང་གུང་ཚོགས་ཆེན་བཅུ་དགུ་པས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་པའི་བརྗིད་ཆེའི་འཆར་གཞི་བཀོད་པ་དང་ཆབས་ཅིག་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་མདུན་ཕྱོགས་སུ་འཕེལ་རྒྱས་གཏོང་བའི་ཁ་ཕྱོགས་སྔར་བས་གསལ་སྟོན་ཡང་གནང་ཡོད།མི་དམངས་སྲིད་གྲོས་ཀྱིས་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་དང་།ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དེ་སྲིད་གྲོས་ལས་དོན་ལ་གཅིག་འདོམས་བྱེད་པའི་སྤྱིའི་རྩ་འཛིན་ཞིགཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་བྱ་རྒྱུ་དང་འཕེལ་རྒྱས་གཏོང་རྒྱུ་དེ་ཐུན་མོང་གི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་བརྟན་དུ་གཏོང་བའི་ལྟེ་བ་ཞིགཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་ལེན་ཕྱིར་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་དེ་ལས་དོན་སྤེལ་ཕྱོགས་གཙོ་བོ་ཞིག་བཅས་ལ་བརྩི་བ་དང་།བརྟན་ཐོག་ཡར་འཕེལ་ལས་དོན་གྱི་རྩ་བའི་དགོངས་གཞི་མཐའ་འཁྱོངས་དང་།འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས།མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས།མཐུན་སྒྲིལ་དང་དམངས་གཙོའི་བརྗོད་དོན་གཙོ་བོ་ཆེན་པོ་གཉིས་མཐའ་འཁྱོངས་བཅས་བྱེད་པ།“ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་སྤྱི་འདོམས་སྐུལ་འདེད་དང“ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ།ཆབ་སྲིད་གྲོས་མོལ་དང་།དམངས་གཙོའི་ལྟ་སྐུལ།སྲིད་ཞུགས་སྲིད་གྲོས་བཅས་ཀྱི་འགན་ནུས་ནན་ཏན་གྱིས་སྒྲུབ་པ་བཅས་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་བསྐྲུན་རྒྱུར་ལེགས་སྐྱེས་གསར་པ་འབུལ་དགོས་ཞེས་བསྟན་ཡོད་པ་རེད།


མི་དམངས་ཚོགས་ཁང་ཆེ་མོའི་མི་ཁྲི་གཤོང་བའི་ཚོགས་ཁང་ནང་གློག་འོད་རབ་ཏུ་འཕྲོ་བ་དང་བརྗིད་ཉམས་དོད་ལ་འཁྲུག་ཆ་ཤིན་ཏུ་དོད་ཅིང་།ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུའི་ཚོགས་རྟགས་ཀྲུའུ་ཞི་སྡིངས་ཆའི་དཀྱིལ་དབུས་སུ་བཀལ་བ་དང་དམར་མདངས་བཀྲ་བའི་གཡས་གཡོན་གཉིས་སུ་དར་དམར་བཅུ་བཙུགས་ཡོད་པ་རེད།

    རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོར་ཨུ་ཡོན་2158ཕེབས་དགོས་པ་དང་དངོས་སུ་ཨུ་ཡོན་2149ཕེབས་ཡོད་པ་དེ་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད་པ་རེད།

    རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གསུམ་པའི་ཚོགས་འདུ་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་དབང་དབྱང་དང་།ཀྲང་ཆིང་ལི། ལིའུ་ཆི་པའོ། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། ཏུང་ཅན་ཧྭ། དབན་ཀང་། ཧོ་ཧོའུ་ཧྭ།ལུའུ་ཀྲེན་ཀུང་། ཝང་ཀྲེང་ཝུའེ། མཱ་པེའོ། ཁྲེན་ཞའོ་ཀོང་།ལེང་ཀྲེན་དབྱིང་བཅས་ཀྲུའུ་ཞི་སྡིངས་ཆའི་མདུན་གྲལ་དུ་ཞུགས་ཡོད་པ་རེད།

     ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཞི་ཅིན་ཕིང་དང་།ལི་ཁེ་ཆང་། ཀྲང་ཏེ་ཅང་། ཡུས་ཀྲེང་ཧྲེང་། ཀྲང་ཀའོ་ལི། ལི་ཀྲན་ཧྲུའུ། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི།ཧན་ཀྲེང་སོགས་ཀྲུའུ་ཞི་སྡིངས་ཆའི་ཐོག་ཞུགས་པ་དང་ཁོང་རྣམ་པས་ཚོགས་ཆེན་འཚོགས་པར་རྟེན་འབྲེལ་ཞུས་པ་རེད།

    ཕྱི་དྲོའི་ཆུ་ཚོད་གསུམ་པར་དབང་དབྱང་གིས་ཚོགས་ཆེན་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་ཞིང་།ཚང་མས་ཡར་བཞེངས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་སྐད་གསང་མཐོན་པོས་བླངས་པ་རེད།

    རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གིས་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ཏེ།ཚོགས་ཆེན་ཐོག་འདས་ཟིན་པའི་ལོ་ལྔའི་རིང་གི་ལས་དོན་སྙན་སྒྲོན་གནང་ཞིང་།ཁོང་གིས་ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་ལོ་ལྔ་ནི་ཏང་དང་རྒྱལ་ཁབ་འཕེལ་རྒྱས་གཏོང་བའི་བརྒྱུད་རིམ་ཁྲོད་ཀྱི་སྤྱིར་བཏང་གཏན་ནས་མིན་པའི་ལོ་ལྔ་ཡིན།བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་སྐུལ་འདེད་བཏང་བར་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་ལ་ལོ་རྒྱུས་རང་བཞིན་གྱི་བསྒྱུར་བའང་བྱུང་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་ཡོད།ལོ་ལྔའི་རིང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གིས་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཕྱོགས་ཡོངས་ནས་འགོ་ཁྲིད་རྒྱུར་ཤུགས་སྣོན་བརྒྱབ་ཡོད།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་ཐེངས་མང་གནང་སྟེ་དགོངས་པ་གསར་པ་དང་།ཆོད་སྡོམ་གསར་པ།བླང་བྱ་གསར་པ་བཅས་རབ་དང་རིམ་པ་བཏོན་ཡོད་ལ་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་འཕེལ་རྒྱས་སྐོར་གྱི་གལ་ཆེའི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་ལ་ཚན་རིག་དང་མཐུན་པའི་ལན་ཡང་བསྐྱོན་ཡོད།སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པ་དང་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་།ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་ལེན་གཏིང་ཟབ་བསྟར་བ།མཐུན་སྒྲིལ་དང་དམངས་གཙོའི་བརྗོད་དོན་གཙོ་བོ་ཆེན་པོ་གཉིས་མཐའ་འཁྱོངས་བྱེད་པ།ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་རྒྱུ་དེ་ཐུན་མོང་གི་བསམ་བློ་ཆབ་སྲིད་ཀྱི་རྨང་གཞི་བརྟན་དུ་གཏོང་བའི་ལྟེ་བར་བརྩི་བ།གྲོས་མོལ་སྲིད་གྲོས་ཀྱི་གནས་བབ་འཐུས་སྒོ་ཚང་དུ་གཏོང་བ།དམངས་གཙོའི་ལྟ་སྐུལ་གྱི་འགན་ནུས་ཤུགས་ཆེར་གཏོང་བ། མཐུན་སྒྲིལ་མཛའ་འབྲེལ་གྱི་ལས་དོན་རྒྱ་སྐྱེད་གཏོང་བ།འགན་འཁྲི་སྒྲུབ་ནུས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ།མི་དམངས་སྲིད་གྲོས་ཀྱི་བྱ་གཞག་རྒྱུན་འཛིན་ཁྲོད་འཕེལ་རྒྱས་དང་འཕེལ་རྒྱས་ཁྲོད་གསར་གཏོད་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་མཐུན་སྒྲིལ་དམངས་གཙོ་དང་།དངོས་སྒྲུབ་ཡར་བརྩོན།དར་རྒྱས་གོང་འཕེལ་བཅས་ཀྱི་རྣམ་པ་གསར་པ་གཏོད་པ་དང་།ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་ལེགས་ཆ་དང་ཁྱད་ཆོས་མངོན་པ།ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁྲོད་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་ནུས་པ་གལ་ཆེན་འདོན་སྤེལ་ཐུབ་པ་མ་ཟད་ལེགས་སྐྱེས་གལ་ཆེན་འབུལ་ཐུབ་པའང་བྱུང་ཡོད་ཅེས་གསུངས་པ་རེད།

    ཡུས་ཀྲེང་ཧྲེང་གིས་སྙན་སྒྲོན་གནང་སྐབས།ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་ཁོང་དུ་བརྟན་པོ་ཆུད་པར་བྱས་པ་དང་།ཏང་དང་རྒྱལ་ཁབ་ཀྱི་ལས་འགན་གཙོ་བོར་དམིགས་པ།མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་ལག་ལེན་བསྟར་བ།ཆབ་སྲིད་གྲོས་མོལ་གྱི་དམངས་གཙོ་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བ།དམངས་གཙོའི་ལྟ་སྐུལ་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་བཏང་བ།འཐབ་ཕྱོགས་གཅིག་གྱུར་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ།ཕྱི་ཕྱོགས་མཛའ་གྲོགས་འགྲོ་འོང་རྒྱ་ཁྱབ་ཏུ་བྱས་པ།རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་ཆེན་པོ་བརྒྱབ་པ་སོགས་ཕྱོགས་8ནས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ལས་དོན་ཕྱིར་དྲན་གནང་བ་དང་།ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་མི་དམངས་སྲིད་གྲོས་ཀྱི་ངོ་བོའི་ངེས་གནས་མཐའ་འཁྱོངས་སོགས་ཆོས་ཉིད་ཀྱི་རང་བཞིན་ལྡན་པའི་ངོས་འཛིན་དང་མྱོང་ཚོར་ཁག་6ཕྱོགས་སྡོམ་གནང་བ་མ་ཟད།ད་དུང་སླད་ཕྱིན་གྱི་ལས་དོན་ཐད་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་དགོས་པ་སོགས་ཀྱི་གྲོས་འགོ་ཁག་5ཡང་བཏོན་གནང་བ་རེད།


སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བཀའ་མངགས་ལྟར།དབན་ཀང་གིས་ཚོགས་ཆེན་ཐོག་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་གཞིའི་ལས་དོན་སྤེལ་ཚུལ་སྐོར་གྱི་སྙན་སྒྲོན་གནང་ཞིང་།ཁོང་གིས་སྲིད་གྲོས་སྐབས་བཅུ་གཉིས་པའི་རིང་།སྲིད་གྲོས་ཀྱི་ཨུ་ཡོན་དང་།སྲིད་གྲོས་ཀྱི་ཐེ་ཞུགས་ཚན་པ་ཁགཆེད་དོན་ཨུ་ཡོན་ལྷན་ཁང་ཁག་བཅས་ཀྱིས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་དང་།ཁྲིམས་འཛིན་སྒྲིག་སྲོལ་སྒྱུར་བཅོས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན།དབུལ་སྒྲོལ་འགག་སྒྲོལ།རླུང་ཆུ་ས་གསུམ་གྱི་སྦགས་བཙོག་འགོག་བཅོས་སོགས་ལ་སྐུལ་འདེད་གཏོང་རྒྱུའི་གནད་དོན་གལ་ཆེན་ལ་དམ་པོར་དམིགས་ཏེ་གྲོས་གཞི་29378བཏོན་ཅིང་།ཞིབ་བཤེར་བྱས་པ་བརྒྱུད་གྲོས་གཞི་23975ཐོ་འགོད་བྱས་པ་དང་།2018ལོའི་ཟླ་2ཚེས་20ཉིན་བར་གྲོས་གཞི་99%ལ་སྒྲུབ་ལན་བསློགས་པ།གྲོས་གཞི་མང་ཆེ་བའི་བསམ་འཆར་དང་གྲོས་འགོ་དང་ལེན་བྱས་པའམ་ཡང་ན་རིམ་བཞིན་དོན་འཁྱོལ་བྱེད་བཞིན་ཡོད་ཅེས་གསུངས།     

    ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་པའི་འགོ་ཁྲིད་བློ་མཐུན་གྱི་གྲས་སུ་ད་དུང་ཏིང་ཞུའེ་ཞང་དང་།མཱ་ཁའེ། ཝང་ཁྲེན། ལིའུ་ཡན་ཏུང་། ཞུས་ཆི་ལེང་། སུན་ཁྲུན་ལན། ལི་ཤིས། ལི་ཆང་། ལི་ཅན་གོལི་ཧུང་ཀྲུང་། ལི་ཡོན་ཁྲའོ། དབྱང་ཅེ་ཁྲེ། དབྱང་ཞའོ་ཏུའུ། ཀྲང་ཡིའུ་ཞ། ཁྲེན་ཤིས། ཁྲེན་ཆོན་གོཁྲེན་མིང་ཨར། ཧྥན་ཁྲང་ལུང་། ཧུའུ་ཁྲུན་ཧྭ། ཀུའོ་ཧྲེང་ཁུན། ཧོང་ཁུན་མིང་། ཚའེ་ཆི། ཡིའུ་ཆོན།ཝང་ཧྲེང་ཅུན། ཁྲེན་ཁྲང་ཀྲི། ཡན་ཅུན་ཆི། ཧྲེན་གཡོད་གཡོད། ཅི་པིང་ཤོན། ཀྲང་ཕིང་། བྱམས་པ་ཕུན་ཚོགས།ཨའེ་ལི་ཀེན·དབྱི་མིང་པཱ་ཧའེ།དབན་ཨོ་ཤང་། ཀྲང་པའོ་ཝུན། ཁྲེན་ཀྲུའུ། ཁྲང་དབན་ཆོན། ཝང་ཡུང་། ཀྲོའུ་ཆང་། ཚའོ་ཅན་མིང་།ཏུའུ་ཆིང་ལིན། ཧན་ཆི་ཏེ། ལིན་ཝུན་དབྱི། ལུའོ་ཧྥུའུ་ཧོ། ལི་ཧའེ་ཧྥུང་། ཁྲེན་ཡོན། ཀྲོའུ་ཞའོ་ཁྲོན།ཝང་ཅ་རུའེ། ཆི་ཤུས་ཁྲུན། མཱ་ཕེ་ཧྭ། ལིའུ་ཞའོ་ཧྥུང་། ཝང་ཆིན་མིང་སོགས་ཡོད།

    ཀྲུང་གུང་ཀྲུང་དབྱང་དང་།རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་།རྒྱལ་སྲིད་སྤྱི་ཁྱབ་ཁང་བཅས་ཀྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་གདན་ཞུས་ལྟར་འགོ་འཛུགས་ཚོགས་འདུར་ཟུར་ཞུགས་གནང་བ་དང་ཀྲུང་གོར་བཅའ་སྡོད་རྒྱལ་ཁབ་ཁག་གི་གཞུང་ཚབ་ཕོ་ཉ་དང་།གསར་འགྱུར་དཔོན།ཕྱིར་སྡོད་སྤུན་ཟླ་སོགས་གདན་ཞུས་ལྟར་འགོ་འཛུགས་ཚོགས་འདུར་ཞུགས་ཡོད་པ་རེད།