བདེ་ཐང་ངང་ཡོན་ཞའོ་ཟས་སྟངས།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-03-02   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        ཡོན་ཞའོ་ནི་འབྲས་ཟས་རིལ་བུ་ཞེས་ཀྱང་ཟེར།གནམ་ལོ་གསར་གྱི་ཚེས་བཅོ་ལྔ་ནི་དང་པོའི་བཅོ་ལྔའི་དུས་ཆེན་ཡིན་ཏེ།ཉིན་དེར་ནང་མིས་མཉམ་འཛོམས་བྱས་ནས་ཡོན་ཞའོ་ཟས་སྲོལ་ཡོད་པ་རེད།


      ཡོན་ཞའོ་ནི་འཇུ་བདེ་པོ་མེད་དེ།མང་པོ་ཟས་ན་ལུས་པོའི་བདེ་ཐང་ལ་མི་ལེགས་པ་དང་།ཡོན་ཞའོ་དང་སྔོ་ཚལ་མཉམ་དུ་བཙོས་ནས་ཟ་ན་འཇུ་བར་ཕན་ནུས་ཡོད་པ་རེད།


      ཁྲག་ཧྭགས་མཐོ་བ་དང་ཁྲག་ཤེད་མཐོ་བ།ཁྲག་ཞག་མཐོ་བའི་མི་ཚོ་དང་ཕོ་བ་དང་རྒྱུ་མའི་གཉན་ཚད་ཕོག་མི་ཚོ་ཡོན་ཞའོ་ཉུང་ཙམ་ཟས་དགོས་ལས་གཞན།རྒན་པ་དང་བྱིས་པ་ཚོ་ཡོན་ཞའོ་ཉུང་ཙམ་ཟས་དགོས་པ་རེད།