སྦི་རག་ཡག་ཉེས་འདི་ལྟར་ལྟ་དགོས་ཀྱི་འདུག ཁྱེད་ཀྱིས་མཁྱེན་ནམ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-03-01   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།


       1.ཐུམ་སྒྲིལ་ལ་ལྟ་དགོས། སྤུས་ཚད་ཞན་པའི་སྦི་རག་གི་ཐུམ་སྒྲིལ་རྩུབ་ཤས་ཆེ་ལ།  ཚོང་རྟགས་ཀྱི་ཤོག་བུའི་སྤུས་ཚད་ཀྱང་ཞན་པོ་ཡོད་པས། འཛད་སྤྱོད་པས་དང་ཐོག་གང་དེར་ཞིབ་ཚགས་ལྟ་དགོས།


       2. དཔང་ཡིག་ལ་ལྟ་དགོས། ནང་འདྲེན་བྱས་པའི་སྦི་རག་ཡིན་ཕྱིན། འགག་སྒོའི་ནད་ཡམས་བརྟག་དཔྱད་ཚད་ལེན་བྱས་པའི་དཔང་ཡིག་དང་བཟའ་བཅའི་འཕྲོད་བསྟེན་གྱི་དཔང་ཡིག་ཡོད་པས།  གང་དེ་ཡོད་མེད་ལ་ཞིབ་ཚགས་ཀྱིས་ལྟ་དགོས་པ་དོ་གལ་ཆེ།


       3. སྦི་རག་གི་ཤེལ་དམ་ནང་དུ་ལྟ་དགོས། སྦི་རག་གི་ཤེལ་དམ་ནང་དུ་ཉོག་སྙིགས་དང་དངོས་པོ་གཞན་ཡོད་མེད་ལྟ་དགོས།


        4. དྲི་མ་སྣོམ་དགོས། སྤུས་ཚད་ལེགས་པའི་སྦི་རག་ལ་མངོན་གསལ་དོད་པའི་གྲོའི་མཆེ་བའི་དྲི་ཞིམ་དང་སྦི་རག་མེ་ཏོག་གི་དྲི་ཞིམ་ལྡན་ཡོད། གལ་ཏེ་སྦི་རག་ཁ་ཕྱེ་ནས་དྲི་མ་སྣོམ་སྐབས་སྐྱུར་དྲིའམ་དྲི་མ་གཞན་བྲོ་ན་དེ་ནི་སྦི་རག་སྤུས་ཞན་ནམ་དུས་ཚོད་ཡོལ་བའི་སྦི་རག་ཡིན་པས་འཐུང་མི་ཉན།