ཉིན་གཅིག་ལ་གཙང་གསུམ་སྐོར་ཐུབ་པའི་གཏམ་བཟང་།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-03-01   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ལོ་མང་གི་འབད་བརྩོན་བྱས་ནས།བདེ་ཆེན་ཁུལ་དང་ནུའུ་ཅང་ཁུལ་མཐུད་པའི་འབའ་ལུང་ནས་ཧྥུ་ཀུང་བར་གྱི་གཞུང་ལམ་གྱི་འཛུགས་སྐྲུན་ལ་དོན་དངོས་ཀྱིས་སྐུལ་འདེད་གཏོང་ཐུབ་པ་དང་རི་སྐེད་དུ་ཆགས་པའི་གཞུང་ལམ་ཞིག་ཐོག་མར་འཛུགས་སྐྲུན་བྱེད་ཐུབ་པ་རེད།

        པའེ་ཅི་ཞུན་ཤང་ལུའོ་ཅི་གུའུ་གྲོང་སྡེར་གནས་པའི་སྤྱིའི་རིང་ཚད་སྨི་434ཟིན་པའི་འབའ་ལུང་ནས་ཧྥུ་ཀུང་བར་གྱི་གཞུང་ལམ་གྱི་ལས་གྲྭ་དང་པོ་རྫ་ཆུའི་ཟམ་ཆེན་གྱི་གཞི་རྩར་འཛུགས་སྐྲུན་བྱེད་ཚར་བ།སྤྱིའི་རིང་ཚད་སྨི་2872ཟིན་པའི་པི་ལུའོ་རི་བོའི་ཕུག་ལམ་2017ལོར་ལས་འགོ་ཚུགས་རྒྱུ་ཡིན།

        ཤེས་གསལ་བྱུང་དོན།འབའ་ལུང་ནས་ཧྥུ་ཀུང་བར་གྱི་གཞུང་ལམ་ནི་འབའ་ལུང་རྫོང་པའེ་ཅི་ཞུན་ཤང་ནས་ཧྥུ་ཀུང་ཧྲི་ཡོན་ལིའང་ཤང་གི་བར་ཡིན།ཞིང་ཆེན་རིམ་པའི་གནད་ཆེའི་འགྲིམ་འགྲུལ་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་གྱི་རྣམ་གྲངས་ཤིག་ཡིན་པ་དང་སེམས་ཀྱི་ཉི་ཟླ་ཆེན་མོའི་ཡུལ་སྐོར་སྐོར་ལམ་གྱི་འགྲོ་ལམ་གཙོ་བོ་ཞིག་ཡང་ཡིན།གཞུང་ལམ་གྱི་ཇུས་འགོད་རིམ་པ་ནི་རིམ་ཁུལ་གྱི་རིམ་པ་གསུམ་པའི་སྣུམ་ལམ་ཡིན།འབའ་ལུང་ནས་ཧྥུ་ཀུང་བར་གྱི་གཞུང་ལམ་གྱི་འགོ་ཚུགས་ས་ནི་བདེ་ཆེན་ཁུལ་འབའ་ལུང་རྫོང་པའེ་ཅི་ཞུན་ཤང་ལུའོ་ཅི་ཀུའུ་གྲོང་སྡེ་ཡིན་པ་དང་རྫ་ཆུའི་ཟམ་ཆེན་བརྒལ་ནས་ཝྭ་ཀུའུ་གཞུང་ལམ་དུ་མཐུད་པ།ལམ་ཐིག་སྤྱིའི་རིང་ཚད་སྤྱི་ལེ་56.57ཟིན་པ།དེའི་ནང་འབའ་ལུང་རྫོང་གི་ལམ་བུ་སྤྱི་ལེ་25.79ཟིན་པ།ཧྥུ་ཀུང་གི་ལམ་བུ་སྤྱི་ལེ་30.78ཟིན་པ་རེད།