ལོ་གསར་སྐབས་ཀྱི་ཆེས་གུས་ཤིང་འོས་པའི་མི་སྣ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-02-28   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

    རྒྱལ་ཡོངས་མི་དམངས་ཀུན་ཁྱིམ་དུ་ལོག་ནས་ཕ་མ་དང་བུ་ཕྲུག་སོགས་དང་མཉམ་དུ་ལོ་གསར་རོལ་བའི་དུས་སུ།  བདེ་ཆེན་གྱི་ལས་རིགས་སོ་སོར་མི་མི་ཉུང་བ་ཞིག་གིས་རང་གི་ལས་གནས་བརྟན་སྲུང་བྱེད་བཞིན་ཡོད།


    འཇོལ་རྫོང་གི་རྫོང་སྨན་ཁང་དུ།  སྨན་པ་ཝང་ཁྲུན་ཆོན་གྱིས་འཕྲལ་བཅོས་ཁང་དུ་ནད་པ་ལ་ནད་བརྟག་དཔྱད་བྱེད་བཞིན་འདུག་པ་དང་། འགྲམ་གྱི་སྨན་ཁུ་རྒྱག་སར་ནད་པ་འགའ་ཁབ་རྒྱག་འདུག   ཝང་ཁྲུན་ཆོན་གྱིས་བཤད་པ་ལྟར་ན།  ད་ལོར་ཁོ་ཚོའི་ཚན་ཁག་ཏུ་སྨན་པ་གསུམ་ལས་རེས་བྱེད་དགོས་པས་ཁྱིམ་མི་དང་མཉམ་དུ་ལོ་གསར་གཏོང་མ་ཐུབ།   ཁོག་ནད་ཚན་ཁག་ཏུ་ནད་གཡོག་ཚེ་རིང་མཚོ་མོ་དང་ཆོས་མཚོ་གཉིས་ཀྱིས་ནད་པ་ལ་ཁབ་ཆུ་དང་སྨན་རྫས་སྡེབ་བཞིན་འདུག   ཤེས་གསལ་བྱུང་དོན། ཁོ་ཚོས་ལོ་གསར་ཚེས་པ་བཅུའི་བར་དུ་ལས་རེས་བྱེད་པ་རེད། 


    ཧྲན་ཏུང་ནས་ཡོང་བའི་ཀྲའོ་ཆིང་ཧྭ་ནི་ཡུན་ནན་གློག་དྲ་ཀུང་སིའི་བདེ་ཆེན་གློག་འདོན་ཅུས་དྲ་སྡེབ་མྱུར་བཟོའི་ལས་བྱེད་པ་ཞིག་ཡིན་ལ།   མོས་ལོ་གསར་གཏོང་བའི་སྐབས་ཀྱི་མྱུར་བཟོ་ལས་ཀ་ཡོད་ཚད་ང་ཚོའི་ལས་བྱེད་མི་སྣ་ཡིས་ཆུ་ཚོད་ཕྱེད་ཀའི་ནང་མྱུར་བཟོ་བྱ་རྒྱུ་ཡིན་པ་དང་། ཐག་ཅུང་རིང་བའི་ས་གནས་ཡིན་ནའང་ཆུ་ཚོད་གཅིག་གི་ནང་མྱུར་བཟོ་བྱ་རྒྱུ་ཡིན་ཏེ། ལོ་གསར་སྐབས་སུ་དུད་ཚང་ཀུན་གློག་སྤྱོད་ཐུབ་པར་ཁག་ཐེག་བྱ་རྒྱུ་ཡིན་ཞེས་ཟེར།


    ཀན་ལྷོ་ནས་ཡོང་བའི་རིན་ཆེན་ཚེ་རིང་ནི་བདེ་ཆེན་ཉིན་རེའི་ཚགས་པར་ཁང་གི་བོད་ཡིག་རྩོམ་སྒྲིག་པ་ཞིག་ཡིན་ལ།  ད་ལོ་ནི་ཁོ་བདེ་ཆེན་དུ་ལས་བྱེད་ཡོང་བའི་ལོ་དང་པོ་ཡིན་པ་དང་ཕྱིར་ལོ་གསར་གཏོང་བའི་ལོ་དང་པོ་ཡང་ཡིན།  ཁོ་ཡིས་བཤད་དོན། སེམས་ཀྱི་ཉི་ཟླར་ལས་བྱེད་པའི་གོ་སྐབས་ཡོད་པས་རང་གི་སེམས་པ་ཧ་ཅང་དགའ་ལ།   ལོ་གསར་གཏོང་བའི་རིང་དུ།   ས་གནས་འདི་གའི་གྲོགས་པོ་དང་སློབ་གྲོགས།   ལས་རོགས་སོགས་ཀྱིས་ཁོ་ལ་ཁོང་ཚོའི་ཁྱིམ་དུ་ལོ་གསར་མཉམ་དུ་རོལ་བར་གདན་འདྲེན་པས་སེམས་འགུལ་ཡང་ཡང་ཐེབས། དེ་མིན་ལོ་གསར་གཏོང་བའི་སྐབས་སུ་ལས་ཁུངས་ལ་རང་ཉིད་ཀྱི་བྱས་རྗེས་ཉུང་ཉུང་ཞིག་འབུལ་ཐུབ་པ་ནི་ཁོའི་བསོད་ནམས་ཡིན་ཟེར།


    ལྷ་སྐྱིད་ནི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་འཕྱག་དར་རྒྱག་མཁན་ཞིག་ཡིན་ལ། མོས་ལོ་གསར་སྐབས་སུ་ཨ་མ་དང་བུ་ཕྲུག་སོགས་དང་མཉམ་དུ་ལོ་གསར་རོལ་མི་ཐུབ་ཀྱང་།  ང་དང་ལས་རོགས་རྣམས་ཀྱིས་མཉམ་དུ་ཁྲོམ་ལམ་གཙང་མ་ཡིན་པ་འགན་ལེན་བྱེད་དེ་མི་རྣམས་ལ་ལོ་གསར་གཏོང་བའི་ཁོག་ཡུག་གཙང་མ་ཞིག་འདོན་རྒྱུ་ཡིན་ཞེས་ཟེར།