དཔྱིད་གསར་དུས་ཆེན་གྱི་སྐབས་བདེ་ཆེན་ཁུལ་གྱི་མེ་འགོག་ལས་ཀར་གྲུབ་འབྲས་བྱུང་།

རྩོམ་པ་པོ།   གཡང་མཚོ།  ཡིག་བསྒྱུར།       དུས་ཚོད།   2018-02-25   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

      དཔྱིད་གསར་དུས་ཆེན་གྱི་ཚེས་1ཉིན་ནས་ཚེས་9ཉིན་བར།བདེ་ཆེན་ཁུལ་ཡོངས་ཀྱི་མེ་སྐྱོན་མེ་སྐྱོན་འགོག་སྲུང་རིམ་པ་3ཡིན་ཏེ།ཁུལ་ཡོངས་ཀྱི་མེ་འགོག་ལས་ཀར་དཀའ་ངལ་བྱུང་བ་ལྟར།  ཁུལ་ཡོངས་རིམ་པ་ཁག་གི་མེ་འགོག་སྡེ་ཁག་གིས་ལོ་གསར་སྤྲོ་གསེང་དུས་ཡུན་དུ་ཧུར་ཐག་གིས་ལས་རེས་བྱས་ནས།  ཁུལ་ཡོངས་ཀྱི་མེ་སྐྱོན་འགོག་པར་ཁག་ཐེག་བྱས།

      དཔྱིད་གསར་དུས་ཆེན་གྱི་སྐབས་ཁུལ་ཡོངས་མེ་འགོག་སྡེ་ཁག་གིས་ནན་ཏན་གྱིས་ལས་འགན་དོན་འཁྱོལ་བྱས།  ལོ་གསར་གྱི་སྔོན།   ཁུལ་ནགས་ཚལ་མེ་འགོག་བདམས་བསྒྲགས་པུའུ་ཡིས་དུས་ཐོག་ཏུ་བདེ་ཆེན་ཁུལ་ནགས་ཚལ་བདམས་བསྒྲགས་པུའུ་ཡིས་ནན་ཏན་གྱིས་དཔྱིད་གསར་དུས་ཆེན་དང་ཚོགས་ཆེན་གཉིས་བར་གྱི་ཁུལ་ཡོངས་ནགས་ཚལ་མེ་འགོག་ལས་ཀ་དམ་འཛིན་བྱེད་པའི་དགོས་པའི་བརྡ་ཁྱབ་སྤྲད་པ་དང་དཔྱིད་གསར་དུས་ཆེན་སྐབས་ཀྱི་ལས་འགན་ཁག་དོན་འཁྱོལ་བྱེད་དགོས་པའི་བླང་བྱ་བཏོན་པ་དང་ནན་ཏན་གྱིས་དཔྱིད་གསར་དུས་ཆེན་སྐབས་ཀྱི་ལས་རེས་ཡག་པོ་བསྒྲུབས་པ།  མེ་འགོག་དྲིལ་བསྒྲགས་དམ་འཛིན་བྱས་ནས།   མང་ཚོགས་ཡོངས་ཀྱི་མེ་འགོག་འདུ་ཤེས་མཐོ་རུ་བཏང་བ་རེད།