སེམས་ཀྱི་ཉི་ཟླ་ནས་ཡོང་བའི་ལོ་གསར་གྱི་བཀྲ་ཤིས་སྨོན་འདུན།

རྩོམ་པ་པོ།   ལས་བྱེད་མི་སྣ་ཡོངས།   ཡིག་བསྒྱུར།       དུས་ཚོད།   2018-02-16   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

        བདེ་ཆེན་ཉིན་རེའི་ཚགས་པར་ཁང་བོད་ཡིག་སྨྱན་སྦྱོར་གྱི་རྩོམ་སྒྲིག་པ་ཡོངས་ཀྱིས་རྒྱ་ཆེའི་རོང་འབྲོག་མང་ཚོགས་དང་དྲ་གྲོགས་ལྷན་རྒྱས།  བོད་ཆོལ་ཁ་གསུམ་དང་རྒྱལ་ཁབ་ཕྱི་ནང་ཀུན་ན་ཡོད་པའི་བོད་རིགས་སྤུན་ཟླ་ཡོངས་ལ་བོད་རབ་རྒྱན་ས་ཕོ་ཁྱི་ལོའི་བཀྲ་ཤིས་པའི་ལོ་གསར་ནང་།

 

རྒན་པ་ཚེ་ཐག་རིང་བའི་བཀྲ་ཤིས་ཤོག།

གཞོན་པ་བློ་རིག་རྒྱས་པའི་བཀྲ་ཤིས་ཤོག།

ཅི་བསམ་དོན་ཀུན་འགྲུབ་པའི་བཀྲ་ཤིས་ཤོག། 

བདེ་སྐྱིད་ལྷ་དང་མཉམ་པའི་བཀྲ་ཤིས་ཤོག།

 ལོངས་སྤྱོད་ཀླུ་དང་མཉམ་པའི་བཀྲ་ཤིས་ཤོག།

བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་ཤོག།

 

འབྲུ་རིག་སྣ་ལྔས་བང་མཛོད་གང་བར་ཤོག།

རྟ་ནོར་ལུག་གི་འཕེལ་ཁ་དར་བར་ཤོག། 

རྒྱལ་ཁབ་བདེ་ཞིང་འབངས་ནི་སྐྱིད་པར་ཤོག།

ནད་མེད་ཚེ་རིང་ཡོང་བའི་བཀྲ་ཤིས་ཤོག། 

སེམས་ན་སྡུལ་བསྔལ་མེད་པའི་བཀྲ་ཤིས་ཤོག།

ནང་མི་འཛོམས་ཤིང་བདེ་སྐྱིད་ལྡན་པའི་བཀྲ་ཤིས་ཤོག

ཁ་ལས་རླུང་རྟ་དར་བའི་བཀྲ་ཤིས་ཤོག

བཀྲ་ཤིས་བཀྲ་ཤིས་ནམ་ཡང་བཀྲ་ཤིས་ཤོག

 

      དུས་དང་རྣམ་པ་ཀུན་ཏུ་ཁྱེད་ཅག་གིས་བདེ་ཆེན་བོད་ཡིག་ཚགས་པར་དང་བདེ་ཆེན་བོད་ཡིག་སྨྱན་སྦྱོར། སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་ཚིགས། སེམས་ཀྱི་ཉི་ཟླ་appབོད་ཡིག་དྲ་གནས་བཅས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱས་པར་སྙིང་ཁོངས་རུས་པའི་གཏིང་ནས་བཀའ་དྲིན་ཆེ་ཞུ་བ་དང་ཆབས་ཅིག་མུ་མཐུད་དུ་ང་ཚོའི་བྱ་གཞག་ཡོངས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་ཡོད་པའི་རེ་བ་སྙིང་ནས་ཞུ།