ཁ་བ་དཀར་པོ་རྒྱལ་ཁབ་སྤྱི་གླིང་གིས་ཡུལ་སྐོར་བ་བསུ་བར་གྲ་སྒྲིག་ཞིབ་ཚགས་བྱས་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-02-15   རྩོམ་ཁུངས།   

        གསར་འགོད་པས་འཇོལ་རྫོང་ཁ་བ་དཀར་པོ་རྒྱལ་ཁབ་སྤྱི་གླིང་གསར་གདོད་གཉེར་སྐྱོང་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་དོན།  དཔྱིད་གསར་དུས་ཆེན་གྱི་སྐབས་སུ་ཁ་བ་དཀར་པོ་ན་ལྗོངས་ཁུལ་གྱིས་ས་ཁུལ་ཡུལ་སྐོར་ལྟ་སྐོར་བྱེད་སའི་སྒོ་འཛིན་ 20% མར་ཆག་པ། དུས་མཚུངས་སུ་ཀུང་སི་ཡིས་བདེ་འཇགས་ཀྱི་ཞབས་ཞུ་བྱེད་ཐབས་སྤྱད་དེ།  བདེ་འཇགས། སྒྲིག་ལམ། སྤུས་ཚད། ཕན་འབྲས་བཅས་གཅིག་གྱུར་གྱི་དམིགས་འབེན་ལ་ཁག་ཐེག་བྱེད། 
    ཀུང་སི་ཡིས་《དུས་ཆེན་སྐབས་གྱི་བདེ་འཇགས་ཐོན་སྐྱེད་ཀྱི་མཁོ་བསྟུན་སྔོན་ཇུས》དངོས་སུ་བཏོན་པ་དང་བདེ་འཇགས་ཐོན་སྐྱེད་ཚོ་ཆུང་བཙུགས་ནས།  ཉིན་བཞིན་རླངས་འཁོར་དང་འགྲོ་ལམ། ར་བསྐོར་དང་ངར་ལྕགས་ཀྱི་གདུང་འདེགས་འཕྲང་ལམ་སོགས་ལ་ཞིབ་བཤེར་བྱེད། ཉེན་ཁ་ཆེ་ས་དང་ལྗོངས་ཁུལ་གྱི་སྒོ་འབྱེད་མེད་པའི་ས་ཁོངས་སུ་འགོག་སྲུང་བྱ་ཐབས་དང་དྲན་སྐུལ་བྱང་བུར་འཛུགས་པ། འཁོར་ལོ་འཇོག་ཡུལ་དང་གདུང་འདེགས་འཕྲང་ལམ་ནས་བདེ་འཇགས་སྐོར་ཞིབ་མི་སྣ་གསར་སྣོན་བྱས། ཆུ་ཚོད་24རིང་གི་ལས་རེས་ཡག་པོ་བྱས། དུས་ཐོག་ཏུ་ཡུལ་སྐོར་བའི་བཞུ་ཚད་དང་འགུལ་རྣམ་ལ་ཁོང་དུ་ཆུད་པ་དང་ཆ་འཕྲིན་ཤར་བགྲོད་ལ་འགན་སྲུང་བྱེད་པ། ནན་ཏན་གྱིས་ཡུལ་སྐོར་ཞབས་ཞུ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ།