བཀྲ་ཤིས་བདེ་ལེགས་ཞེས་པའི་བརྙན་འཕྲིན་ཟློས་གར་གཏོང་བར་ཉེ།

རྩོམ་པ་པོ།   མི་གསལ།དུས་ཚོད།   2018-02-15   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

     ཟླ2པའི་ཚེས་14ཉིན།   བཀྲ་ཤིས་བདེ་ལེགས་ཞེས་པའི་བརྙན་འཕྲིན་ཟློས་གར་དེ་ཡུན་ནན་རྒྱང་བསྒྲགས་བརྙན་འཕྲིན་ཁང་གི་གྲོང་ཁྱེར་འཕྲིན་ལམ་དུ་གཏོང་འགོ་ཚུགས་རྒྱུ་ཡིན།
 བཀྲ་ཤིས་བདེ་ལེགས་ཞེས་པའི་བརྙན་འཕྲིན་ཟློས་གར་ནི་རོག་དབྱངས་སྒྲིག་སྦྱོར་བ་ཞིག་གིས་སེམས་ཀྱི་ཉི་ཟླར་རོལ་དབྱངས་ཀྱི་ཐོལ་ཤེས་དང་སེམས་ཁམས་ཀྱི་གནས་མལ་བཙལ་བའི་གཏམ་རྒྱུད་ངོ་སྤྲོད་བྱེད་ཡོད་ལ།  ཟློས་གར་ཡོངས་ལ་ལེ་ཚན་10ཡོད་པ་དང་།  ལེ་ཚན་རེར་སྐར་མ་25ཡོད་པ་རེད།  གཙོ་སྐྲུན་མི་སྣ་ཀུན་ཡུན་ནན་རང་སའི་འཁྲབ་སྟོན་པ་ཡིན།
 བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་60འཁོར་བའི་དྲན་གསོ་ཞུ་བའི་ཟློས་གར་ཞིག་བྱས་ནས།  བཀྲ་ཤིས་བདེ་ལེགས་ཞེས་པའི་བརྙན་འཕྲིན་ཟློས་གར་དེ་བདེ་ཆེན་ཁུལ་ནང་ཁོངས་སུ་བརྙན་ཕབ་པ་དང་།   སེམས་ཀྱི་ཉི་ཟླའི་མཛེས་ཞིང་སྡུག་པའི་རང་བྱུང་ཡུལ་ལྗོངས་དང་བབ་ཆགས་ལྡན་པའི་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་སོགས་འགྲེམ་སྟོན་བྱས་ཡོད།                                                 (ཚེ་རིང་སྒྲོལ་མས་བསྒྱུར།)