ལོ་གསར་གྱི་སྐབས་སུ་དར་སྤེལ་དགོས་པའི་བྱ་བ།

རྩོམ་པ་པོ།   ཚེ་རིང་སྒྲོལ་མ།  ཡིག་བསྒྱུར།       དུས་ཚོད།   2018-02-08   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

    ལོ་བཅུ་ཡན་མན་གྱི་སྔོན་དུ།  སེམས་ཀྱི་ཉི་ཟླ་གྲོང་ཁྱེར་རྒྱལ་ཐང་གྲོང་རྡལ་གྱི་གྲོང་སྡེ་ཁག་འགའ་རུ་དཔྱིད་གསར་དུས་ཆེན་གྱི་སྐབས་དུད་ཚང་རེ་རེ་བཞིན་སྐོར་ནས་མགྲོན་འབོད་བྱེད་པའི་གོམས་གཤིས་ཡོད་དེ།གྲོང་སྡེ་གཅིག་ནང་དུད་ཚང་ག་ཚད་ཡོད་པ་མི་བལྟ་བར་མགྲོན་འབོད་བྱས་ནས་ཟས་སྟེར་དགོས།  དུས་ཚང་མང་བའི་གྲོང་སྡེ་དཔྱིད་གསར་དུས་ཆེན་གྱི་ཚེས་པ་གཉིས་ནས་ཚེས་པ་ཉི་ཤུ་བར་གྱི་ཉིན་བཅུ་ལྷག་བརྒལ་ཡང་མགྲོན་འབོད་སྐོར་གཅིག་རྫོགས་ཐུབ་མེད།   


    ཉེ་བའི་ལོ་འགའི་རིང་གྲོང་གསེབ་ནང་མགྲོན་འབོད་ནས་ཟས་སྟེར་བའི་གོམས་གཤིས་དེ་རིམ་བཞིན་མེད་པར་གྱུར་ཡོད།   ཕྱོགས་གཅིག་ནས་མགྲོན་འབོད་བྱས་ནས་དུས་ཚོད་འཕྲོག་བརླག་གཏོང་བ། གལ་སྲིད་གྲོང་སྡེ་གཅིག་ནང་དུད་ཚང་མང་པོ་ཡོད་ན་དུད་ཚང་རེ་རེ་བཞིན་སྐོར་ནས་མགྲོན་འབོད་དུ་སོང་བའི་ཉི་མ་འགའ་དགོས་པས་རང་ཁྱིམ་དུ་དཔྱིད་གསར་དུས་ཆེན་གཏོང་བའི་དུས་ཚོད་ཉུང་དུ་གྱུར་བ།  གཉིས་ནི་ནོར་འཕྲོག་བརླག་གཏོང་བ། མགྲོན་འབོད་བྱེད་ན་བཟའ་ཆས་དང་བཏུང་ཆས་སོགས་མང་པོ་ཉོ་དགོས།   ཕྱོགས་གཞན་ནས་ཉེ་བའི་ལོ་འགའི་རིང་མི་རྣམས་ནི་མགྲོན་འབོད་བྱེད་པ་ལས་རང་གི་ཁྱིམ་མི་དང་མཉམ་དུ་དུས་ཆེན་གཏོང་བར་དགའ།

    ལོ་ལྔ་ཡན་མན་གྱི་སྔོན་དུ་དཔྱིད་གསར་དུས་ཆེན་གྱི་གནམ་གང་ཉིན་གྱི་མཚན་མོ་ནས་བཟུང་ཤོག་སྦག་རྒྱག་སྲོལ་ཡོད།   དུད་ཚང་རེ་རེའི་འཚོ་བའི་ཆ་རྐྱེན་མི་འདྲ་བའི་དབང་གིས་དུས་ཚང་འགའ་རེས་ཤོག་སྦག་མང་པོ་ཉོས་ནས་རྒྱག་པ་དང་དུད་ཚང་འགའ་རེས་ཤོག་སྦག་ཉོ་མི་ཐུབ་པའི་གནས་ཚུལ་ཡང་བྱུང་བས། དུད་ཚང་བར་བསྡུར་རེས་བྱེད་པའི་གནད་དོན་རང་བཞིན་དུ་ཆགས་པ།  


    ཉེ་བའི་ལོ་གཉིས་གསུམ་གྱི་རིང་།  གོང་རིམ་སྡེ་ཁག་གིས་དཔྱིད་གསར་དུས་ཆེན་སྐབས་ཤོག་སྦག་རྒྱག་མི་ཆོག་པའི་ཇུས་ཞིག་སྤྲད་པས་ཤོག་སྦག་མང་པོ་ཉོ་ནས་རྒྱག་མི་སྔ་ལས་ཉུང་བ། དེའི་ཕྱིར་གཅིག་ནི་བསྡུར་རེས་བྱེད་པའི་གནད་དོན་དེ་མེད་པར་གྱུར་བ་དང་གཉིས་ནི་དགུན་དུས་སྐམ་ཤས་ཆེ་བས་ཤོག་སྦག་རྒྱག་ནས་མེ་སྐྱོན་བྱུང་བར་སྔོན་འགོག་བྱེད་ཐུབ་པ་རེད།