གཟའ་གཅིག་གི་གསར་འགྱུར་གལ་ཆེན་ཁག་གཉིས།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-02-08   རྩོམ་ཁུངས།   

   ཟླ2པའི་ཚེས་3ཉིན།  ཁུལ་ཨུ་རྒྱུན་ཨུའི་ཚན་ཁག་གིས་2017ལོ་འཁོར་གྱི་དམངས་གཙོ་འཚོ་བའི་ཚོགས་འདུ་འཚོགས།  ཞིང་ཨུའི་རྒྱུན་ཨུ།  ཞིང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་དབྱང་ཉིང་ཚོགས་འདུ་རུ་ཞུགས་པ་མ་ཟད་མཛུབ་སྟོན་གལ་ཆེན་གནང་བ་རེད།  ཁོ་མོས་ནན་བཤད་བྱས་དོན། གོམ་གང་མདུན་སྤོས་ཀྱིས་འདུ་ཤེས་བཞི་བརྟན་པོར་འཛུགས་པ་དང་།  སྤྱོད་ཚུལ་ལེགས་སྐྱོང་བྱེད་ཤུགས་ཆེར་གཏོང་བ།  འགན་འཁྲི་ཁུར་སེམས་གཡོ་མེད་དུ་བཏང་ནས་བདེ་ཆེན་ཆེས་བརྟན་བརླིང་དང་ཆེས་མཛེས་སྡུག་ལྡན་པ།  ཆེས་འཆམ་མཐུན་གྱི་བོད་ཁུལ་དུ་སྐྲུན་པར་འབད་དགོས།  ཁུལ་ཨུའི་ཧྲུའུ་ཅི་གུའུ་ཁུན་གྱིས་ཚོགས་འདུ་གཙོ་སྐྱོང་བྱེད་དེ་གསུང་བཤད་གནང་།
  ☆ ཟླ2པའི་ཚེས་4ཉིན་གྱི་ཕྱི་དྲོར་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་འགོ་ཁྲིད་ཚན་པས་2017 ལོའི་ལོ་འཁོར་གྱི་དམངས་གཙོ་འཚོ་བའི་ཚོགས་འདུ་འཚོགས་པ་རེད།
 གྲོས་ཚོགས་ཀྱིས་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་ནི་ང་ཚོའི་ཏང་གི་ཏང་ནང་གི་ཆབ་སྲིད་འཚོ་བ་ཇེ་དྲག་དང་ཚད་ལྡན་དུ་གཏོང་བའི་གལ་ཆེའི་བྱ་ཐབས་ཤིག་ཡིན་ལ། ང་ཚོའི་ཏང་འདི་ནི་ཏང་གཞན་དང་དབྱེ་བ་འབྱེད་པའི་མཚོན་རྟགས་གསལ་བོ་ཞིག་རེད་ཅེས་བསྟན་ཡོད།    
 ཚོགས་འདུའི་ཐོག་ཡིག་ཐོག་ནས་ཁུལ་དམངས་ཆེན་རྒྱུན་ཨུའི་འགོ་ཁྲིད་ཚན་པའི2016ལོའི་ལོ་འཁོར་གྱི་དམངས་གཙོའི་འཚོ་བའི་ཚོགས་འདུ་དང་།  2017ལོའི་སྐོར་ཞིབ་དག་ཐེར་དམངས་གཙོ་འཚོ་བའི་དག་ཐེར་ཡོ་བསྲང་དོན་འཁྱོལ་བྱས་ཚུལ་སྐོར་གྱི་བརྡ་ཁྱབ་བཏང་ནས།    2017ལོའི་ལོ་འཁོར་གྱི་དམངས་གཙོ་འཚོ་བའི་ཚོགས་འདུ་དག་ཐེར་བྱེད་ཐབས་སྐོར་ལ་གྲོས་བསྡུར་བྱས་ཡོད།