ཁུལ་ནང་བསྟན་མཐུན་ཚོགས་ཀྱིས་དཔལ་ཡོན་གྱི་སྒོ་ནས་ཆོས་མཇལ་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱ་དགོས་པའི་གྲོས་འགོ་བཏོན་པ།

རྩོམ་པ་པོ།   མི་གསལ།   ཡིག་བསྒྱུར།       དུས་ཚོད།   2018-02-08   རྩོམ་ཁུངས།   

     ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་འབྲེལ་ཡོད་གྲོས་འགོ་དང་རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས་ཀྱི་འབྲེལ་ཡོད་གཏན་འབེབས།   བདེ་ཆེན་བོད་ཁུལ་གྱི་དོན་དངོས་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ། དཔལ་ཡོན་ལྡན་པའི་ངང་ཆོས་མཇལ་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱ་དགོས་པའི་གྲོས་གཞིའི་ཡི་གེ་བཟོས་ཡོད།     རྒྱ་ཆེའི་ནང་བསྟན་ཆོས་ལུགས་ཁག་གི་མི་སྣ་དང་དད་ལྡན་མང་ཚོགས་ཀྱིས་གྲོས་འགོ་དང་ལེན་བྱས་ནས་མཉམ་དུ་བདེ་ཆེན་འདི་ཉིད་རྒྱལ་ཡོངས་ཀྱི་བོད་ཁུལ་ལས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཀྱི་དཔེ་སྟོན་ཁུལ་དུ་འཛུགས་སྐྲུན་བྱེད་པར་སྟོབས་ཤུགས་འབུལ་དགོས་པའི་སྐུལ་སློང་གནང་ཡོད།     རྒྱ་ཆེའི་མང་ཚོགས་ལ་སྐུལ་སློང་བྱེད་པའི་ནང་དོན་སྐོར་ལ།   གཅིག་ནི་དགོན་པར་སོང་ནས་ཆོས་མཇལ་བྱེད་པ་དང་མཆོད་མེ་དང་བདུག་སྤོས་སོགས་སྒྲོན་དུས་ཁོར་ཡུག་གི་གཙང་སྦྲར་མཉམ་འཇོག་བྱེད་པ། གཉིས་ནི་རི་ནས་བསང་གཏོང་བ་དང་དར་ལྕོག་འཐེན་པ་སོགས་བྱེད་དུས་སྐྱེ་ཁམས་ལ་སྲུང་སྐྱོང་བྱེད་པར་གཟབ་རོགས།  གསུམ་ནི་གནས་རི་དང་བླ་མཚོ།  ཆུ་བོའི་བཞུར་རྒྱུན་སོགས་ནས་ཚེ་ཐར་གཏོང་དུས་སྐྱེ་ཁམས་སྙོམས་སྒྲིག་ལ་གཟབ་རོགས།  
     

 

    བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ནང་བསྟན་མཐུན་ཚོགས་ནས། 

      སྤྱི་ལོ2018ལོའི་ཟླ2པའི་ཚེས5ཉིན།