ཡུན་བོད་ལམ་ཐིག་དེ་ནུབ་སྐྱོད་སྒེར་འཁོར་སྤུས་ལེགས་ལམ་ཐིག་ནང་ཚུད་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-02-02   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

         སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།རྒྱལ་ཁབ་ཡུལ་སྐོར་ཅུས་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་གིས་ཉེ་ལམ་ཀྲུང་གོའི་ནུབ་སྐྱོད་སྒེར་འཁོར་ཡུལ་སྐོར་སྤུས་ལེགས་ལམ་ཐིག་10ཁྱབ་བསྒྲགས་བྱས་པ་དང་། འདིའི་ཁྲོད་དུ། ཡུན་བོད་ལམ་ཐིག་དང་ཡུན་ཀུའེ་ལམ་ཐིག་གཉིས་མིང་ཐོ་རུ་ཚུད་ཡོད།
         སྤུས་ལེགས་ལམ་ཐིག་བཅུ་པོ་ནི་318ཁྲོན་བོད་ལམ་ཐིག་དང་མཚོ་བོད་ལམ་ཐིག  ཡུན་བོན་ལམ་ཐིག  དར་གོས་ཚོང་ལམ་གྱི་ལམ་ཐིག་ཐོག་ཡོད་པའི་རྨ་ནུབ་དོག་ལམ་གྱི་ལམ་ཐིག ཀན་ལྷོ་ནས་སི་ཁྲོན་ནུབ་རྒྱུད་ཀྱི་ཐིག མཚོ་སྔོན་གྱི་སྐོར་ལམ།  ཞིན་ཅང་ལྷོ་རྒྱུད་ཀྱི་ལམ་ཐིག སི་ཁྲོན་ལམ་ཐིག  བོད་ལྗོངས་ལྷོ་ཁའི་ལམ་ཐིག ཡུན་ཀུའེ་ལམ་ཐིག་བཅས་ཡིན་པ་རེད། འདིའི་ཁྲོད་དུ། ཡུན་བོད་ལམ་ཐིག་ནི་ཡུན་ནན་ཁུན་མིང་ནས་བོད་ལྗོངས་ལྷ་ས་བར་གྱི་ལམ་ཐིག་ཡིན་ལ། ཕ་ལམ་སྤྱི་ལེ་2000ཡོད་པ་རེད། ལམ་ཐིག་འདི་གཉིས་ནི་ཏ་ལི་གནའ་གྲོང་དང་ས་དམ་གནའ་གྲོང་། ཡུས་ལུང་གངས་རི། པོ་ཏ་མཚོ་རྒྱབ་སྤྱི་གླིང་། ཁམས་ཕྱོགས་ཀྱི་དགེ་ལུགས་པའི་དགོན་སྡེ་ཆེན་པོ་དགའ་ལྡན་སུམ་རྩེན་གླིང་།  སྨན་རི་དང་རྒྱལ་མོ་རྔུལ་ཆུའི་གྲོག་རོང་ཆེན་མོ་སོགས་ཡུན་ནན་གྱི་ལྗོངས་ཁུལ་གྲགས་ཅན་མང་བོ་བརྒྱུད་ཡོད་ལ། དེ་མིན་བདེ་ཆེན་ཁུལ་གྱི་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་དང་འཇོལ་རྫོང་།  དེ་བཞིན་རྒྱལ་མོ་རྔུལ་ཆུ་ཁུལ་སོགས་དབུལ་པོའི་ས་ཁུལ་ལ་ཁྱབ་འགྱེད་སྐུལ་ཁྲིད་བྱས་ཡོད།
         ལམ་ཐིག་10པོ་འདི་གང་ལེགས་ཀྱིས་བོད་ལྗོངས་དང་ཞིན་ཅང་།  ཀན་སུའུ།  མཚོ་སྔོན། སི་ཁྲོན། ཡུན་ནན། ཀུའེ་ཀྲོའུ་སོགས་ནུབ་རྒྱུད་ཞིང་ཆེན་ཁག་གི་མི་རིགས་རིག་གནས་དང་།   ཁྱད་ཆོས་ལྡན་པའི་ས་གཤིས། ས་བབ་མཐོ་བ་སོགས་ཀྱི་ཁྱད་ལྡན་པའི་ཐོན་ཁུངས་སྔོག་འདོན་བྱས་པ་དང་། ཉེ་བའི་ལོ་ཤས་རིང་མང་ཚོགས་སྒེར་འཁོར་བཏང་ནས་ཡུལ་སྐོར་འགྲོ་བའི་དགའ་ཕྱོགས་ཕྱོགས་བསྡུས་གྱིས་དབྱེ་ཞིབ་བྱས་པ་བརྒྱུད། ཤིན་ཏུ་དབུལ་བའི་ས་ཁུལ་གྱི་ཡུལ་སྐོར་ས་ཚིགས་དེ་མིག་སྔར་ཅུང་སྨིན་པའི་སྒེར་འཁོར་བཏང་བའི་ཡུལ་སྐོར་ལམ་ཐིག་རུ་ཚུད་པར་བྱས་ནས། ཤིན་ཏུ་དབུལ་བའི་ས་ཁུལ་གྱི་ཡུལ་སྐོར་དབུལ་སྐྱོར་ལས་ཀ་དར་སྤེལ་བཏང་བར་སྐུལ་འདེད་ཤུགས་ཆེན་པོ་བྱས་པ་རེད།
         རྒྱལ་ཁབ་ཡུལ་སྐོར་ཅུས་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཁང་གིས་ལམ་ཐིག་10ཡི་སྒྲིག་བཀོད་འཛུཊ་སྐྲུན་དང་དྲིལ་བསྒྲགས་བྲིན་ཚོང་། སློབ་གསོ་གསོ་སྦྱོང་སོགས་ཀྱི་ཐད་ལ་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ་དང་། སྔར་ལས་ལྷག་པར་སྒེར་འཁོར་བཏང་བའི་ཡུལ་སྐོར་དེ་ཤིན་ཏུ་དབུལ་པོའི་ས་ཁུལ་གྱི་ཡུལ་སྐོར་དབུལ་སྐྱོར་ཁྲོད་གལ་ཆེའི་ནུས་པ་ལྡན་པ་དང་། དེ་བས་མང་པའི་དབུལ་ཕོངས་ས་ཁུལ་དང་མི་འབོར་མང་པོ་ཡུལ་སྐོར་བྱ་གཞག་ནང་ཞུགས་པ་དང་། ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་ནས་དབུལ་སྒྲོལ་ཡོང་བར་སྐུལ་སྤེལ་བྱས་པ་རེད།