བདེ་ཆེན་ཁུལ་ཡོངས་སུ་བཞུར་ཆུའི་བདག་སྐྱོང་ལམ་ལུགས་ལག་ལེན་དུ་ཕབ་པའི་འགོ་བརྩམས།

རྩོམ་པ་པོ།    མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-02-02   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།


སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན །ཟླ་1པའི་ཚེས་26ཉིན་རང་ཁུལ་དུ་ཆུ་དཔོན་གྱིས་བཞུར་ཆུ་དྭངས་གཙང་བྱེད་ཞེས་པའི་བྱེད་སྒོ་གཅིག་བསྡུས་ཀྱིས་འགོ་བཅུགས་རྗེས།ནགས་ཕག་མཚོའི་རིམ་པ་སོ་སོའི་ཆུ་དཔོན་དང་བཞུར་ཆུ་དོ་དམ་གྱི་འབྲེལ་ཡོད་ལས་ཁུངས།ནགས་ཕག་མཚོའི་ཁོར་ཡུག་གཙང་སྦྲའི་འགན་འཁྲིའི་ས་ཁུལ་བགོས་ཡོད་པའི་ལས་ཁུངས་སོ་སོ།ཁུལ་དང་གྲོང་ཁྱེར་གྱི་ནུབ་ཕྱོགས་འཆར་གཞི་ཞེས་པའི་ཞབས་ཞུའི་ལས་ཀར་ཞུགས་ཡོད་པའི་མ་སྐུལ་དང་ལེན་མཁན་གྱི་སློབ་ཆེན་སློབ་མ་དང་།ན་གཞོན་བཞུར་ཆུ་གཙང་སྦྲའི་རུ་ཁག་གི་ཁོངས་མི་ཡོངས།དེ་མིན་ནགས་ཕག་མཚོའི་མཐའ་འཁོར་གྱི་སྡེ་དམངས་མི་གྲངས་བརྒྱ་དང་ཉེ་བ་བཅས་ཐེངས་འདིའི་བཞུར་ཆུ་དྭངས་གཙང་བྱེད་པའི་བྱེད་སྒོ་འདིར་ཞུགས་ཡོད་པ་རེད། 

    ཉིན་དེར་ནགས་ཕག་མཚོའི་མཚོ་སྐོར་གཞུང་ལམ་གྱི་ལོགས་གཉིས་ན་མི་ལ་ལས་གད་སྙིགས་འཐུ་བ་དང་ལ་ལས་འགྱིག་ཁུག་འཁྱེར་ནས་གད་སྙིགས་བསྡུ་བཞིན་པ། དེ་མིན་དབྱུག་པ་བཟུང་ནས་ཆུ་ཁའི་གད་སྙིགས་ལེན་བཞིན་པ་སོགས་ཀྱི་ལས་བྲེལ་ཆེ་བའི་རྣམ་པ་ཞིག་མཐོང་ཐུབ་ཅིང་།ནམ་ཟླ་གྲང་ངར་ཆེ་རུང་ཁོ་ཚོའི་གཙང་སྦྲའི་སེམས་ཤུགས་ལ་གཡོ་འགུལ་ཏོག་ཙམ་ཡང་ཐེབས་གྱིན་མེད་པ་རེད། 

    ཁུལ་ཆུ་དོན་ཅུས་ཀྱི་ཅུས་ཀྲང་དང་ཁུལ་ཆུ་དཔོན་རྩ་འཛུགས་རུ་ཆུང་གི་གཞུང་ལས་ཁང་གི་ཀྲུའུ་རུན་ཡོའུ་ཡོན་ཧོང་གིས་ཆུ་དཔོན་གྱིས་བཞུར་ཆུ་དྭངས་གཙང་བྱེད་ཅེས་པའི་བྱེད་སྒོ་བསྡུས་པ་འདི་ནི་ཀྲུང་དབྱང་དང་ཞིང་ཆེན་སྲིད་གཞུང་།ལྷག་པར་དུ་ཁུལ་ཨུའི་ཧྲུའུ་ཅི་ཀུའུ་ཁུན་གྱིས་ཆོག་མཆན་བཀོད་པའི་ཡིག་ཆ་ཨང་རྟགས་དང་བོ་བདེ་ཆེན་ཁུལ་གྱི་སྤྱིའི་ཆུ་དཔོན་གྱི་བཀའ་ཡིག་ཅེས་པ་བཅས་ཀྱི་འགན་འཁྲི་ལག་བསྟར་བྱས་པ་ཡིན།ཐེངས་འདིའི་བཞུར་ཆུ་དྭངས་གཙང་བྱེད་པའི་བྱེད་སྒོ་ཕྱོགས་ཡོངས་ནས་སྤེལ་རྗེས།མི་འགྱང་བར་ཆུ་བོ་དང་མཚེའུ།ཆུ་མཛོད།ཆུ་རྐ་སོགས་གང་འདོད་ལ་བདག་བཟུང་འཛུགས་སྐྲུན་བྱེད་པ་དང་།གང་འདོད་ལ་ས་བརྐོ་རྡོ་སློག་བྱེད་པ།གང་འདོད་ལ་བཞུར་ཆུ་བཀག་གཉེར་བྱེད་པ།གང་འདོད་ལ་བཙོག་ཆུ་བཞུར་ཆུར་བཏང་བ།གང་འདོད་ལ་ཆུ་ནང་གི་སྲོག་ཆགས་འཛིན་བཟུང་བྱེད་པ་སོགས་ཀྱི་མངོན་གསལ་གནད་དོན་ཐག་གཅོད་བྱ་རྒྱུ་ཡིན་པས།རང་ཁུལ་གྱི་ཆུ་གཞུང་ཡངས་པ།བཞུར་ཆུ་གཙང་བ།ཆུ་ངོགས་ལྗང་མདོག་ལྡན་པ།ཡུལ་ལྗོངས་མཛེས་པ་སོགས་ཀྱི་རྣམ་པ་མངོན་འགྱུར་ཡོང་བར་སྤྱི་དམངས་ཡོངས་ང་ཚོའི་བྱེད་སྒོ་འདིར་ཞུགས་རྒྱུ་རེ་བ་ཡིན་ཞེས་བཤད། 

    ནགས་ཕག་མཚོ་འགྲམ་ན་ཁྱིམ་ཡོད་པའི་སྡེ་མི་བློ་བཟང་སྒྲོལ་མས་ལག་ཆ་བཟུང་སྟེ་སྡེ་མི་འགའ་དང་མཉམ་དུ་རང་འགུལ་གྱིས་ཐེངས་འདིའི་བཞུར་ཆུ་དྭངས་གཙང་བྱེད་པའི་བྱེད་སྒོ་འདིའི་ནང་ཞུགས་པ་རེད།ཁོ་མོས་ང་ཚོ་ཡང་དུས་རྒྱུན་ནགས་ཕག་མཚོའི་འགྲམ་དུ་ཡོང་ནས་གད་སྙིགས་འཐུས་པ་ཡིན།ད་ལྟ་ཏང་ཨུ་སྲིད་གཞུང་གིས་རྩ་འཛུགས་བྱས་ནས་བཞུར་ཆུ་དྭངས་གཙང་བྱེད་པའི་བྱེད་སྒོ་བསྡུས་པ་འདི་ང་ཚོར་མཚོན་ན་རང་གི་ཕ་ཡུལ་བདག་སྐྱོང་བྱེད་པའི་གོ་སྐབས་ཧ་ཅང་ལེགས་པོ་ཞིག་ཡིན་པས།ང་ཚོ་ནག་ཕག་མཚོའི་མཐའ་འཁོར་གྱི་མང་ཚོགས་ཐེངས་འདིའི་བྱེད་སྒོའི་ནང་ངེས་པར་ཏུ་ཞུགས་དགོས།ཡང་ཅིག་བཤད་ན་ལས་ཀ་འདི་ལྟ་བུ་ང་ཚོ་ཞིང་བ་ཞིག་ལ་མཚོན་ན་འགྲོ་ཞོར་ཙམ་རེད་ཅེས་བཤད་བྱུང་།