བདེ་ཆེན་ཁུལ་དུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཨུ་ཡོན་ལྷན་ཚོགས་བཙུགས།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-02-02   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། ཉེ་ཆར་བདེ་ཆེན་ཁུལ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཨུ་ཡོན་ལྷན་ཚོགས་དངོས་སུ་དབུ་བརྙེས་པ་རེད།དེའི་འགན་ནུས་གཙོ་བོ་ནི་ཁོར་ཡུག་སྲུང་སྐྱོབ་སྐོར་གྱི་འབྲེལ་ཡོད་ཁྲིམས་ལུགས་དང་སྒྲིག་ཁྲིམས།སྒྲིག་ཡིགསྲིད་ཇུས་སོགས་ལག་བསྟར་མཐའ་འཁྱོལ་བྱེད་དགོས་པ་དང་།འགོ་བཟུང་ནས་མ་ཡིག་འབྲི་བ་དང་ཁུལ་ཡོངས་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་ལྟ་རྟོག་སྒྲིག་ཡིག་གི་མ་ཟིན་འགོད་པ་ལག་བསྟར་བྱེད་རྒྱུ།ཁུལ་ཡོངས་ཀྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་སྤྱིའི་འཆར་འགོད་དང་འབྲེལ་ཡོད་ཆེད་དོན་འཆར་འགོད་ཀྱི་ལས་འགན་བཅས་ཁུར་དགོས།

    རྩ་དོན་ལྟར་ན་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཨུ་ཡོན་ལྷན་ཚོགས་ཀྱིས་ལོ་རེར་ཚོགས་མི་ཡོངས་ཀྱི་གྲོས་ཚོགས་ཐེངས་གཅིག་ནས་གཉིས་བསྡུས་ནས།ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་ལས་ཀ་ཕྱོགས་བསྡོམས་དང་བཀོད་སྒྲིག་བྱེད་དགོས་ལ།ཁུལ་ཡོངས་ཀྱི་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་གལ་ཆེའི་གནད་དོན་ལ་གྲོས་ཞིབ་ཞིབ་འཇུག་དང་ལེགས་སྒྲིག་བྱེད་ནས་སྲུང་སྐྱོབ་ཀྱི་ལས་དོན་གཙོ་བོར་བཀོད་གཏོང་གི་ལས་འགན་ཁུར་དགོས།ལོ་རེར་མཉམ་འབྲེལ་གྲོས་ཚོགས་ཐེངས་གཉིས་ལས་མི་ཉུང་བ་བསྡུ་དགོས་ལ།སྐབས་འགར་ཆེད་དོན་གྲོས་ཚོགས་བསྡུ་དགོས།ཁོངས་གཏོགས་ལས་ཁུངས་ཀྱིས་《བདེ་ཆེན་ཁུལ་གྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་ངམ་འབྲེལ་ཡོད་སྡེ་ཁག་གི་ཁོར་ཡུག་སྲུང་སྐྱོབ་ལས་ཀའི་འགན་འཁྲིའི་གཏན་འབེབས་》དང་《བདེ་ཆེན་ཁུལ་ཏང་སྲིད་འགོ་ཁྲིད་ལས་བྱེད་པས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་གནོད་པ་བྱས་པར་འགན་འཁྲི་རྩད་གཅོད་བྱེད་པའི་ལག་བསྟར་བྱེད་ཐབས་》ལྟར་རང་འགུལ་གྱིས་ཁོར་ཡུག་སྲུང་སྐྱོབ་ལ་གནོད་འཚེ་བཟོས་པའི་འབྲེལ་ཡོད་ལས་དོན་སྙན་ཞུ་འབུལ་དགོས་ལ།གཟབ་ནན་གྱིས་ལས་ཀའི་ལས་འགན་དང་གཏན་ཁེལ་བྱས་པའི་ལས་གཞི་དོན་འཁྱོལ་ཐུབ་པར་བྱེད་དགོས་པ་མ་ཟད།འབྲེལ་མཐུད་དམ་ཟབ་དང་རོགས་རེས་མཉམ་ལས་བཅས་བྱས་ནས་ཕན་འབྲས་མཐོ་བའི་བྱ་བའི་སྒྲིག་གཞི་འཁོར་སྐྱོད་ཐུབ་པར་བྱེད་དགོས། ཁུལ་ཨུས་ཨུ་ཡོན་ལྷན་ཚོགས་ཀྱིས་ལོ་རེའི་ལོ་མཇུག་ཏུ་རྫོང་སོ་སོ་དང་འབྲེལ་ཡོད་སྡེ་ཁག་གི་དཔལ་ཡོན་ལྡན་པའི་སྐྱེ་ཁམས་འཛུགས་སྐྲུན་ལས་ཀའི་སྙན་ཞུར་ཉན་ནས།ཁུལ་དམངས་ཆེན་དང་ཁུལ་སྲིད་གྲོས་བཅས་ཀྱིས་མི་འགྱང་བར་ཁུལ་ཡོངས་ཀྱི་དཔལ་ཡོན་ལྡན་པའི་སྐྱེ་ཁམས་ཁོར་ཡུག་འཛུགས་སྐྲུན་དེ་གླེང་གཞི་གཙོ་བོ་བྱས་ནས་འདིའི་ཐད་ཐབས་འདོད་ཇུས་འབུལ་བྱེད་དགོས་ལ།ལོ་རེར་ལས་དོན་འདིའི་ཐད་ལ་གཅིག་གྱུར་གྱི་སྐོར་སྐྱོད་ལྟ་ཞིབ་བྱེད་དགོས་པ་དང་།སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱ་བའི་གནས་ཚུལ་འདི་ལས་བྱེད་པའི་ལོ་གཅིག་གི་ལས་ཀའི་དཔྱད་ཞིབ་ཀྱི་ཚད་གཞི་གཙོ་བོ་དང་གོ་གནས་འདེམས་བསྐོའི་གཞི་འཛིན་ས་གཙོ་བོ་བྱེད་དགོས་པ།དེ་མིན་ཤུགས་བརྒྱབ་ནས་ལྗང་མདོག་ཅན་འཕེལ་རྒྱས་ལ་སྐུལ་འདེད་དང་རྒྱུན་མཐུད་ངང་ཁོར་ཡུག་སྤུས་ཚད་ལེགས་བཅོས་བྱས་ནས་སྤྱི་ཚོགས་དཔལ་འབྱོར་དང་ཁོར་ཡུག་སྲུང་སྐྱོབ་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་བྱེད་དགོས་པ་བཅས་ཞིབ་འཇུག་གཏན་ཁེལ་བྱས། 

    སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་རེན་དེ་ཁུལ་སྲིད་གཞུང་གི་འགོ་ཁྲིད་གཙོ་བོ་ཞིག་གིས་ལས་འགན་ཁུར་དགོས་ལ།ཀྲུའུ་རེན་གཞོན་པ་དེ་ཁུལ་ཨུ་དང་ཁུལ་དམངས་ཆེན། ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས་བཅས་ཀྱི་ཡན་ལག་འགོ་ཁྲིད་དམ་འབྲེལ་ཡོད་འགོ་ཁྲིད་ཀྱིས་འགན་ཁུར་དགོས།ཚོགས་མི་ལ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འབྲེལ་ཡོད་འགན་འཁྲི་ལས་ཁུངས་ཀྱི་འགན་འཛིན་མི་སྣ་ཡོད་ལ།ཨུ་ཡོན་ལྷན་ཁང་གི་གཞུང་སྒྲུབ་ཁང་དེ་ཁོར་ཡུག་སྲུང་སྐྱོབ་ཅུས་ནང་བཙུགས་ཡོད་པ་མ་ཟད་འགོ་ཁྲིད་གཙོ་བོ་ཡིས་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་གྱི་འགན་ཁུར་དགོས་པ་བཅས་གཏན་ཁེལ་བྱས་ཡོད་པ་རེད།