ཡུན་ནན་ཞིང་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོ་མཇུག་སྒྲིལ་བ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-02-01   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།


        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ་1པོའི་ཚེས་31ཉིན་གྱི་ཕྱི་དྲོར།ཡུན་ནན་ཞིང་ཆེན་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོའི་གྲོས་རིམ་ཁག་ལེགས་གྲུབ་བྱུང་ནས།ཁུན་མིང་དུ་གཟབ་རྒྱས་ངང་མཇུག་སྒྲིལ།

ཐེངས་འདིའི་གྲོས་ཚོགས་སུ་འཐུས་མི་636ཞུགས་དགོས་ལ།དངོས་སུ་627ཞུགས་ཡོད་པ་དེ།ཁྲིམས་བཀོད་མི་གྲངས་དང་མཐུན།

       གྲོས་ཚོགས་ཚོགས་ཆེན་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི།ཐེངས་ལྔ་པའི་ཚང་འཛོམས་གྲོས་ཚོགས་ཀྱི་ལག་བསྟར་ཀྲུའུ་ཞི་ཁྲེན་ཧའོ་ཡིས་གཙོ་སྐྱོང་གནང་།

ཐེངས་འདིའི་གྲོས་ཚོགས་ཀྱི་ལག་བསྟར་ཀྲུའུ་ཞིའི་ལས་འགན་འཁུར་མི་ད་དུང་ལི་ཞིའུ་ལིན་དང་།དབྱང་ཉིང་།ལི་ཝུན་རུང་།ཧོ་ཏའོ་ཆི།དབྱང་པའོ་ཅན།ཞི་ཕེ།ཝང་ཧྲུའུ་ཧྥུན།ན་ཅེ།དབྱང་ཧྥུ་ཧྲེང་།ལི་ཝུན་ཀུའོ།ཧན་མེ།ཁུང་ཀུའེ་ཧྭ།ལིའུ་དབྱི་ཕིང་།ལི་ཀོན་ལིའང་།དབྱང་ཧའོ་ཏུང་།ཀྲང་ཞའོ་ཁྲོན།ཁྲེན་ཧུང་།ཀྲོའུ་ཁའེ།ཡའོ་ཧྲའོ་ཧུན།ཀུའུ་ཁུན་བཅས་ཡོད།

ཚོགས་ཆེན་གྱིས་ཡུན་ནན་ཞིང་ཆེན་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོའི་ཡུན་ནན་ཞིང་ཆེན་མི་དམངས་སྲིད་གཞུང་ལས་ཀའི་སྙན་ཞུ་སྐོར་གྱི་ཆོད་དོན་དང་།ཡུན་ནན་ཞིང་ཆེན་2017ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་བྱེད་པའི་གནས་ཚུལ་དང་2018ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གྱི་འཆར་གཞི་སྐོར་གྱི་ཆོད་དོན།ཡུན་ནན་ཞིང་ཆེན་2017ལོའི་ས་གནས་ཀྱི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱེད་པའི་གནས་ཚུལ་དང་2018ལོའི་ས་གནས་ཀྱི་ནོར་སྲིད་སྔོན་རྩིས་སྐོར་གྱི་ཆོད་དོན།ཡུན་ནན་ཞིང་ཆེན་མི་དམངས་སྲིད་གཞུང་འཐུས་མིའི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་ཀའི་སྙན་ཞུ་སྐོར་གྱི་ཆོད་དོན།ཡུན་ནན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ལས་ཀའི་སྙན་ཞུ་སྐོར་གྱི་ཆོད་དོན།ཡུན་ནན་ཞིང་ཆེན་མི་དམངས་ཞིབ་དཔྱད་ཁང་གི་ལས་ཀའི་སྙན་ཞུ་སྐོར་གྱི་ཆོད་དོན་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་རེད།

        ཁྲེན་ཧའོ་ཡིས་མཇུག་སྒྲིལ་མཛད་སྒོའི་ཐོག་གསུང་བཤད་གནང་བ།ཁོང་གིས་ཐེངས་འདིའི་གྲོས་ཚོགས་ནི་འཐུས་མི་ཡོངས་ཀྱིས་ལས་འགན་ནན་ཏན་སྒྲུབ་པ་དང་། ལས་འགན་ཁག་ཡོངས་སུ་འགྲུབ་པ། འཕེལ་རྒྱས་ཀྱི་ཇུས་གཞི་མཉམ་འགོད་དང་སྔ་འཛིན་ཕྱི་གཏོད།གསར་གཏོད་འབད་འབུངས་བྱེད་པའི་ཚོགས་ཆེན་ཞིག་ཡིན་པས།ངེས་པར་དུ་ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་སྐུལ་སློང་དང་བསྔགས་སྐུལ་བྱས་ནས་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱེད་དགོས་པ་དང་།ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་ནས།ཡུན་ནན་གྱི་མཆོང་སྐྱོད་འཕེལ་རྒྱས་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་པ།ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་འཐབ་ལམ་གསར་བ་འཛུགས་པར་འབད་འབུངས་ལྷོད་མེད་བྱེད་དགོས་ཞེས་གསུངས་པ་རེད།

        ཁྲེན་ཧའོ་ཡིས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོ་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་བསྒྲེངས་ནས།ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ སྲུང་སྐྱོང་མཐའ་གཅིག་ཏུ་བྱ་དགོས། མི་དམངས་འཐུས་ཚོགས་ཐོག་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་ཁག་དོན་འཁྱོལ་ནན་ཏན་བྱེད་དགོས།མཆོང་སྐྱོད་འཕེལ་རྒྱས་དང་།གྲུབ་འབྲས་ལེགས་ཤོས་བསྐྲུན་ལ་བརྩོན་པ།བསྡུར་སློབ་བསྙེགས་བརྒལ་དང་།དཔའ་བསྐྱེད་མདུན་སྐྱོད་ཀྱི་དགོངས་དོན་ཤུགས་ཆེན་གྱིས་དར་སྤེལ་བཏང་ནས།ཞིང་ཆེན་ཡོངས་ཀྱི་བཅོས་སྒྱུར་འཕེལ་རྒྱས་བརྟན་རླིང་ལ་ལེགས་སྐྱེས་གསར་པ་འབུལ་དགོས་ཞེས་ནན་གྱིས་བསྟན།ཧྲེང་ཀྲང་རོན་ཁྲེན་ཧྥ་ཡིས་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་སྐབས་གསར་པའི་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་དང་།འཐུས་མི་རྣམ་པ་དང་ཞིང་ཆེན་ཡོངས་ཀྱི་མི་དམངས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་ས་པ་དང་།ཁོང་གིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་འབྱུང་འགྱུར་ལོ་ལྔའི་རིང་ཞིང་ཆེན་ཡོངས་ཀྱི་བསྒྱུར་བཅོས་འཕེལ་རྒྱས་ཀྱི་དུས་ཚོད་རེའུ་མིག་དང་ལམ་ཐིག་རི་མོ། དཔེ་རིས་བཅས་གཏན་འབེབས་ངེས་གསལ་བྱས་ཡོད་ལ། འདི་ནི་ཞིང་ཆེན་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་འདོད་བློ་ཞིག་དང་སྐབས་གསར་པའི་སྲིད་གཞུང་གི་ལས་འགན་དང་འགན་འཁྲི་འཁུར་ཕོད་དགོས་ཞེས་གསུངས།ཀྲུའུ་ཞིས་སྟེགས་བུའི་ཐོག་ལི་ཅང་དང་ལུའོ་ཀྲེང་ཧྥུ།ཝང་ཞུའེ་རེན།ཞུས་རུང་ཁའེ།ཀྲའོ་ཅིན།ཙུང་གོ་དབྱིན།ལུང་ཅུན་ཧྭ།ཁྲེང་ལེན་ཡོན།ལི་ཞའོ་སན།ལིའུ་ཧུའེ་ཡན།ཀྲང་ཐའེ་ཡོན།ཡུས་ཁུན།ལི་ཧན་པའེ།ཀྲང་པའེ་རུའུ།ཏའོ་ལིན་དབྱིན།ཀྲའོ་ལི་ཞུང་།ཝང་ཞན་ཀང་།ཏུང་ཧྭ།ཁྲེན་ཧྲུན།ཀྲང་གོ་ཧྭ།ཀའོ་ཧྲུའུ་ཞུན།པའེ་ཁྲེང་ལིའང་། མཱ་ཁའེ་ཞན།ལུའོ་ལི་ཧུའེ།ཉི་ཧུའེ་ཧྥང་།ཏིང་ཧྲུའོ་ཞང་།ཝང་ཁྲེང་ཚའེ།ཧོའུ་ཅན་ཅུན།ལི་ཉིང་སོགས་བཞུགས་ཡོད་པ་རེད།