ཞིང་ཆེན་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོ་གཟབ་རྒྱས་ངང་འགོ་ཚུགས་པ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-01-31   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

             སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ་1པོའི་ཚེས་25ཉིན་གྱི་སྔ་དྲོར།ཡུན་ནན་ཞིང་ཆེན་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོ་ཡུན་ནན་ཧའེ་ཀེང་ཚོགས་ཁང་དུ་གཟབ་རྒྱས་ངང་འགོ་ཚུགས་པ།

       ཐེངས་འདིའི་གྲོས་ཚུགས་སུ་འཐུས་མི་636ཞུགས་དགོས།དངོས་སུ་621ཞུགས་ཡོད་དེ།ཁྲིམས་བཀོད་མི་གྲངས་དང་མཐུན་པ་རེད།

       འགོ་ཚུགས་པའི་ཚོགས་ཆེན་ནི་གྲོས་ཚོགས་ཀྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི།ཐེངས་དང་པོའི་ཚང་འཛོམས་གྲོས་ཚོགས་ཀྱི་ལག་བསྟར་ཀྲུའུ་ཞི་ཁྲེན་ཧའོ་ཡིས་གཙོ་སྐྱོང་གནང་བ།

       ཐེངས་འདིའི་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞིའི་ལས་འགན་འཁུར་མི་ད་དུང་རོན་ཁྲེན་ཧྥ་དང་།ལི་ཞིའུ་ལིན།ཀྲའོ་ཅིན།ཙུང་ཀུའོ་ཡིང་།ཡུས་ཁུན།ལི་ཅང་།ཧོ་ཏོན་ཆི།དབྱང་པའོ་ཅན།ལི་ཕེ།ཝང་ཧྲུའུ་ཧྥུན།ན་ཅེ།དབྱང་ཧྥུ་ཧྲེང་།ཧན་མེ།རེན་ཅུན་ཧའོ།ཧོའུ་ཅན་ཅུན།དབྱང་པིང་།དབྱང་ཡ་ལིན།ལུའོ་དབྱིན་ཀོན།ཐང་ཡུས་ཧྲེང་།ཞེ་པའོ་ཧྲེང་བཅས་ཡོད།

       སྔ་དྲོའི་ཆུ་ཚོད་9པར།ཁྲེན་ཧའོ་ཡིས་ཚོགས་ཆེན་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་།

       ཧྲེང་ཀྲང་རོན་ཁྲེན་ཧྥ་ཡིས་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཚབ་བྱས་ནས་ཚོགས་ཆེན་ལ་སྲིད་གཞུང་ལས་ཀའི་སྙན་སེང་ཞུས་བ།

       སྙན་ཞུས་བསྟན་དོན།འདས་པའི་ལོ་ལྔ་རུ་རང་ཞིང་ཆེན་གྱིས་སྐབས་བཅུ་གཉིས་པའི་མི་དམངས་འཐུས་མིའི་ཚོགས་ཆེན་གྱིས་གཏན་འབེབས་བྱས་པའི་དམིགས་འབེན་ལས་འགན་ཁག་ལེགས་སྒྲུབ་བྱུང་ཞིང་།ཡུན་ནན་ཞིང་ཆེན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་རེད།2017ལོར།ཞིང་ཆེན་ཡོངས་ཀྱི་ས་གནས་ཀྱི་ཐོན་སྐྱེད་སྤྱི་གྲངས་9.5﹪འཕར་བ།གཏན་འཇགས་རྒྱུ་ནོར་གྱི་དངུལ་འཇོག་18﹪འཕར་བ།ས་གནས་ཀྱི་སྤྱི་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་6.2﹪འཕར་བ།གྲོང་ཁྱེར་དང་གྲོང་སྡེའི་སྡོད་དམངས་ཀྱི་མི་རེས་ཆ་སྙོམས་ཀྱི་སྤྱོད་ཆོག་པའི་ཡོང་འབབ་སོ་སོར་8.3﹪དང་9.3﹪འཕར་བ།ཕྱོགས་ཡོངས་ནས་ནུས་སྲི་སྙིགས་འཕྲིའི་ལས་འགན་ལེགས་སྒྲུབ་བྱུང་བ་རེད།

       སྙན་ཞུས་བསྟན་དོན།ད་ཕྱིན་གྱི་ལོ་ལྔ་རིང་།ང་ཚོས་ཞི་ཅིན་ཕིང་དུས་སྐབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་མཛུབ་ཁྲིད་དུ་གྱུར་ནས།འབད་བརྩོན་ངང་ཡུན་ནན་མཆོང་སྐྱོད་འཕེལ་རྒྱས་ཀྱི་རྣམ་པ་གསར་གཏོད་བྱེད་དགོས་པ་དང་།ཕྱོགས་བརྒྱད་ཀྱི་གནད་ཆེའི་ལས་འགན་འབུར་དུ་ཐོན་ཏེ།འབད་བརྩོན་ངང་སྲིད་གཞུང་གི་བདག་སྐྱོང་ནུས་ཤུགས་ཆེ་རུ་གཏོང་དགོས།

       སྙན་ཞུའི་ཐོག་བསྟན་དོན།2018ལོ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་འགོ་བཙུགས་ལོ་དང་།བསྒྱུར་བཅོས་སྒོ་འབྱེད་བྱས་ནས་ལོ་40 འཁོར་བའི་ལོ་ཡིན་པས།ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་ལོ་དང་། “ ལོ་ལྔ་ཚན་བཅུ་གསུམ་པའི་”འཆར་འགོད་ལག་བསྟར་བྱེད་པའི་འགག་རྩའི་ལོ།སྐབས་གསར་བའི་སྲིད་གཞུང་གི་འགན་ནུས་བསྒྲུབས་པའི་ལོ་དང་པོ་ཡང་ཡིན་པ་རེད། སྲིད་གཞུང་ལས་དོན་གྱི་སྤྱིའི་བླང་བྱ་ནི། ཁྱོན་ཡོངས་ནསཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དོན་འཁྱོལ་བྱས་ནས།ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་་མཛུབ་སྟོན་དུ་འཛིན་པ་དང་། སྔར་ལས་ལྷག་པའི་སྒོ་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་གྱི་འཕེལ་རྒྱས་ཀྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་བྱས་ནས།བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་དོན་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས་དང་།སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་ལྟར། “ ཕྱོགས་ལྔ་གཞི་གཅིག་” གི་སྤྱིའི་བཀོད་སྒྲིག་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་“ ཕྱོགས་ཡོངས་བཞིའི་” འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་བ་དང་། སྤུས་ཚད་འཕོ་འགྱུར་ལ་སྐུལ་འདེད་དང་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་དགོས། 

      སྙན་ཞུའི་ཐོག་ད་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་གཙོ་བོ་ནི་ཞིང་ཆེན་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་འཕར་སྣོན་ནི་8.5%ཡིན་པ་དང་། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་གྲངས་འཕར་ཚད་ 16%ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་སྒོ་འཕར་ཚད་ 5.5%སྤྱི་ཚོགས་ཀྱི་འཛད་སྤྱོད་སིལ་འཚོང་སྤྱི་འབོར་འཕར་ཚད་ 11%ཕྱི་ཕྱོགས་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་གོང་དུ་འཕར་ཚད་ 15%གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་ལག་ཐོག་ཡོང་འབབ་སོ་སོའི་འཕར་ཚད་8%དང་9%། གྲོང་མིའི་འཛད་སྤྱོད་རིན་གོང་འཕཪ་ཚད་ 3%ཡས་མས་སུ་ཚོད་འཛིན་བྱས་པ།གྲོང་ཁྱེར་དང་གྲོང་རྡལ་གྱི་གསར་འཕར་ལས་ཞུགས་མི་གྲངས་ཁྲི་45ཡན་ཡིན་པས།རྒྱལ་ཁབ་ཀྱིས་སྤྲད་པའི་ནུས་བསྲི་སྙིགས་འཕྲིའི་ལས་འགན་ལེགས་གྲུབ་བྱུང་ཡོད།སྙན་ཞུའི་ཐོག་བསྟན་དོན། གོང་གསལ་གྱི་དམིགས་ཚད་ལས་འགན་ལེགས་གྲུབ་བྱེད་པར་ཕྱོགས་བཅུའི་ཐད་ནས་ལས་ཀ་གཙོ་གནད་དུ་བཟུང་དགོས་ཏེ།གསར་འབྱེད་ཅན་གྱི་ཡུན་ནན་འཛུགས་སྐྲུན་མགྱོགས་སུ་གཏོང་བ་དང་། གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་ཤུགས་ཆེན་གཏོང་བ། གནད་སྨིན་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཡག་པོ་རྒྱག་པ། རྨང་གཞིའི་སྒྲིག་བཀོད་དྲ་བའི་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་བ། འཕེལ་རྒྱས་ཁྲོད་དམངས་འཚོ་འགན་སྲུང་དང་ལེགས་བཅོས་ཀྱི་ཆུ་ཚད་མཐོར་འདེགས་དང་། མི་དམངས་བློ་ཡིད་ཚིམ་པའི་ཞབས་ཞུ་ཅན་གྱི་སྲིད་གཞུང་འཛུགས་སྐྲུན་བྱེད་དགོས་པ་བསྟན། 

     ཚོགས་འདུའི་གྲོས་རིམ་གཞིར་བཟུང་།ཚོགས་ཆེན་གྱིས་ཡིག་ཐོག་ནས་འཐུས་མིས་ཡུན་ནན་ཞིང་ཆེན་2017 ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་གོང་དུ་སྤེལ་བའི་འཆར་གཞི་ལག་བསྟར་བྱས་ཚུལ་དང་2018ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞིའི་མ་ཟིན་སྐོར་གྱི་སྙན་ཞུ།ཡུན་ནན་ཞིང་ཆེན་2017ལོའི་ས་གནས་ནོར་སྲིད་སྔོན་རྩིས་ལག་བསྟར་གནས་ཚུལ་དང་2018ལོའི་ས་གནས་ནོར་སྲིད་ཀྱི་སྔོན་རྩིས་མ་ཟིན་སྐོར་གྱི་སྙན་ཞུ་ཞིབ་བཤེར་བྱེད་རྒྱུ་ཞུ་བ་རེད།གྲོས་ཚོགས་ཐོག་ཡུན་ནན་ཞིང་ཆེན་གྱི་སྐབས་བཅུ་གསུམ་པའི་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་ཆེད་དོན་ཨུ་ཡོན་ལྷན་ཁང་ཁག་གི་ཁོངས་མིའི་བདམས་ཐོན་བྱེད་ཐབས་བརྡས་ཐག་བཅད་ནས་གྲོས་འཆམ་བྱས་པ་མ་ཟད། ཡུན་ནན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་མི་རིགས་ཨུ་ཡོན་ལྷན་ཁང་དང་།ནང་སྲིད་ཁྲིམས་འཛིན་ཨུ་ཡོན་ལྷན་ཁང་། ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་།ཁྲིམས་ལུགས་ཨུ་ཡོན་ལྷན་ཁང་གི་ཁོངས་མིའི་མིང་ཐོ་ཡན་ལག་རྣམ་གྲངས་བགར་ཏེ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་།