ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོ་གཟབ་རྒྱས་ངང་འཚོགས།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-01-30   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།


      སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།ཟླ་1པོའི་ཚེས་23ཉིན་གྱི་སྔ་དྲོར།ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་ཡུན་ནན་ཞིང་ཆེན་སྐབས་བཅུ་གཉིས་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོ་ཡུན་ནན་ཧའེ་ཀེང་ཚོགས་ཁང་དུ་གཟབ་རྒྱས་ངང་འགོ་ཚུགས་པ་རེད།

       ཀྲུང་གུང་ཡུན་ནན་ཞིང་ཨུའི་ཧྲུའུ་ཅི་ཁྲེན་ཧའོ་དང་ཞིང་ཨུའི་ཧྲུའུ་ཅི་གཞོན་པ།ཧྲེང་ཀྲང་རོན་ཁྲེང་ཧྥ།ཞིང་ཨུའི་ཧྲུའུ་ཅི་གཞོན་པ་ལི་ཞིའུ་ལིང་།རྒྱལ་ཡོངས་དམངས་ཆེན་སློབ་གསོ་དང་ཚན་རིག་རིག་གནས་འཕྲོད་བསྟེན་ཨུ་ཡོན་ལྷན་ཁང་གི་སྔོན་མའི་ཀྲུའུ་རེན་ཨུ་ཡོན་ཞུས་རུང་ཁའེ་སོགས་གྲོས་ཚོགས་སུ་ཞུགས་པ་དང་གྲོས་ཚོགས་ལ་རྟེན་འབྲེལ་ཞུས།

       ལི་ཅང་གིས་གྲོས་ཚོགས་གཙོ་སྐྱོང་གནང་བ་དང་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་རེད།

       ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ལི་ཅང་དང་དབྱང་ཅ་ཝུའུ།ཧོང་དབྱི།ཀའོ་ཧྥེང་།ཡུས་ཏིང་ཁྲེང་།ལི་ཀྲེང་དབྱང་།ཁྲེན་ཡུས་ཧོའུ།ཞུས་པིང་།ཧོ་པོ།ལིའུ་ཅན་ཧྭ་བཅས་ཀྲུའུ་ཞི་སྟེབས་བུར་བསྡད་ཡོད།

       སྔ་དྲོའི་ཆུ་ཚོད་9པར།ཚོགས་ཆེན་འགོ་ཚུགས་པ།ཚང་མ་ཡར་ལངས་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུ་གཏོང་བ།

       ཐེངས་འདིའི་གྲོས་ཚོགས་སུ་ཨུ་ཡོན་631ཞུགས་དགོས་པ་དང་དངོས་སུ་603ཞུགས་ཡོད་དེ།སྲིད་གྲོས་ཀྱི་སྒྲིག་ཡིག་གཏན་འབེབས་དང་མཐུན་པ་རེད།

       སྐབས་བཅུ་གཅིག་པའི་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ལུའོ་ཀྲེང་ཧྥུ་ཡིས་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་ཡུན་ནན་ཞིང་ཆེན་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་ཚོགས་ཆེན་ལ་ལས་ཀའི་སྙན་ཞུ་གནང་བ།སྙན་ཞུས་བསྟན་དོན།འདས་པའི་ལོ་ལྔ་ནི་ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་བསྒྱུར་བཅོས་བྱུང་བའི་ལོ་ལྔ་ཡིན་པ་དང་།རང་ཞིང་ཆེན་གྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་འགྲོ་ལམ་ཐོག་གོམ་སྟབས་བརྟན་པོ་སྤོས་ཡོད་པའི་ལོ་ལྔ་ཡང་ཡིན་པ་རེད།ལོ་ལྔའི་རིང་ཞིང་ཆེན་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་དུས་སྐབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དགོངས་དོན་གྱིས་ལག་བསྟར་མཛུབ་ཁྲིད་བྱས་པ་དང་ཀྲུང་གུང་ཡུན་ནན་ཞིང་ཨུས་གཏན་འབེབས་བྱས་པའི་ལྟེ་གནས་ལས་འགན་ལ་གཞིགས་ནས་སྲིད་གྲོས་ལས་ཀའི་འཆར་གཞི་བཀོད་པ་དང་བསྒྲུབས་པ།སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་གྱི་འཕེལ་རྒྱས་ལ་བཏོན་པའི་བླང་བྱ་གསར་པར་གཞིགས་ནས།རང་ཁུལ་གྱི་མཆོང་སྐྱོད་རྣམ་པའི་འཕེལ་རྒྱས་ལ་ཤུགས་སྣོན་རྒྱག་པ།དམངས་ཀྱི་དོན་ལ་ལས་འགན་སྒྲུབ་པར་རྒྱུན་འཁྱོངས་བྱས་ནས་མཐུན་སྒྲིལ་དང་འཐབ་ཕྱོགས་གཅིག་འགྱུར་གྱི་འགན་ནུས་འདོན་སྤེལ་བྱས་ཡོད།འདས་ཟིན་པའི་2017ལོར།ཞིང་ཆེན་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཆབ་སྲིད་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་བ་ངང་རྒྱ་ཆེ་བའི་ཨུ་ཡོན་དང་མི་རིགས་ཁག་དང་ལས་རིགས་ཁག་གི་མི་སྣ་ལ་མཐུན་སྒྲིལ་དང་མཛུད་ཁྲིད་བྱས་པ།ནན་ཏན་གྱིས་དགོངས་དོན་དང་བྱ་འགུལ་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པའི་ཐོག་གཅིག་འགྱུར་བྱས་པ་དང་།ཧུར་ཐག་དང་ཕན་ནུས་ཡོད་པས་ལས་ཀ་བསྒྲུབས་ནས།སྐབས་བཅུ་གཅིག་པའི་སྲིད་གྲོས་ལས་ཀ་ལེགས་གྲུབ་བྱུང་བ་དང་སྐབས་བཅུ་གཉིས་པའི་ཞིང་ཆེན་སྲིད་གྲོས་ལས་ཀ་འགོ་ཚུགས་པར་རྨང་གཞི་བརྟན་པོ་བཏིང་ཡོད།    

      སྙན་ཞུའི་ནང་སྐབས་བཅུ་གཉིས་པའི་ཞིང་ཆེན་སྲིད་གྲོས་ཀྱི་ལས་དོན་ལ་མར་ཁེ་སི་དང་ལེ་ཉིན་རིང་ལུགས།མའོ་ཙེ་ཏུང་གི་དགོངས་པ།ཏེང་ཞའོ་ཕིན་གྱི་རིགས་པའི་གཞུང་ལུགས། “ མཚོན་བྱེད་གསུམ་” གྱི་དགོངས་དོན་གལ་ཆེན།ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ།ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློས་མཛུབ་སྟོན་དུ་འཛིན་ནས།བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཆབ་སྲིད་གོང་སྤེལ་གྱི་བགྲོད་ལམ་དུ་བསྐྱོད་པ་དང་།མཐུན་སྒྲིལ་དང་དམངས་གཙོའི་བརྗོད་བྱ་གཙོ་བོ་གཉིས་རྒྱུན་འཁྱོངས་བྱས་ནས།ཕྱོགས་ཡོངས་ཀྱིས་ཀྲུང་གུང་ཚོགས་ཆེན་བཅུ་དགུ་པས་མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་བཏོན་པའི་བླང་བྱ་གསར་པ་ལག་བསྟར་དང་། ཀྲུང་གུང་ཡུན་ནན་ཞིང་ཆེན་འཐུས་མི་ཚོགས་ཆེན་ཐེངས་བཅུ་པའི་ཐབས་ཇུས་བཀོད་སྒྲིག་དང་།《ཀྲུང་གུང་ཡུན་ནན་ཞིང་ཆེན་ཨུས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་ཡུན་ནན་གྱི་མཆོང་སྐྱོད་འཕེལ་རྒྱས་སྐོར་གྱི་གཏན་འབེབས》དོན་འཁྱོལ་བྱས་ཏེ། ནན་ཏན་གྱིས་ཆབ་སྲིད་གྲོས་མོལ་དང་། དམངས་གཙོས་ལྟ་སྐུལ།སྲིད་ཞུགས་སྲིད་གླེང་བཅས་ཀྱི་འགན་ནུས་ལེགས་པོ་སྒྲུབ་ནས།དུས་རབས་གསར་པའི་རྣམ་པ་གསར་པ་དང་བྱས་རྗེས་གསར་པས་དུས་རབས་གསར་པར་འཐམ་འཁྱུད་བྱས་ཏེ།རང་ཞིང་གི་མི་དམངས་སྲིད་གྲོས་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་དགོས་པའི་བླང་བྱ་བཏོན་ཡོད།

      ཡུས་ཏིང་ཁྲེང་གིས་སྲིད་གྲོས་ཡུན་ནན་ཞིང་ཆེན་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངགས་བཅོལ་ལྟར།ཚོགས་ཆེན་ཐོག་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་དང་པོ་འཚོགས་ཚུན་གྱི་གྲོས་གཞིའི་ལས་དོན་བསྒྲུབས་ཚུལ་སྐོར་སྙན་སེང་ཞུས། 

      ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་པའི་འགོ་ཁྲིད་ད་དུང་ཀྲའོ་ཅིན་དང་།ཙུང་གོ་དབྱིན།ལུའུ་ཅུན་ཧྭ།ཁྲེང་ལེན་ཡོན།ལི་ཞའོ་སན།ལིའུ་ཧུའེ་ཡན།དབྱང་ཉིང་།ལི་ཝུན་རུང་།ཡུས་ཁུན།ཀྲང་པའེ་རུའུ།ཧོ་ཏོན་ཆི།དབྱང་པའོ་ཅན།ལི་ཕེ།ཏའོ་ལིན་དབྱིན།ཝང་ཧྲུའུ་ཧྥུན།མའོ་ཝུན་གོ།ཀྲའོ་ལི་ཞུང་།ཝང་ཞན་ཀང་།ཀྲང་ཙུའུ་ལིན།ཏུང་ཧྭ།ཁྲེན་ཧྲུན།ཀྲང་གོ་ཧྭ།ཀའོ་ཧྲུའུ་ཞུན།མཱ་ཁའེ་ཞན།ལུའོ་ལི་ཧུའེ།ཏིང་ཧྲུའོ་ཞང་།ཝང་ཁྲེང་ཚའེ།ཝང་སུའོ་ཁྲེང་།ཀའོ་ཏའོ་ཆོན་སོགས་ཡོད་པ་རེད།

      ཀྲུང་དབྱང་ཐད་གཏོགས་ལས་ཁུངས་ཀྱི་ཁུན་མིང་དུ་སྡོད་པའི་འགོ་ཁྲིད་བློ་མཐུན་དང་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་དང་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་འགོ་ཁྲིད་བློ་མཐུན།ཡུན་ནན་དུ་བཅའ་སྡོད་བྱས་པའི་བཅིངས་འགྲོལ་དམག་དང་དྲག་ཆས་ཉེན་རྟོག་དཔུང་སྡེའི་འགོ་ཁྲིད་བློ་མཐུན།ཞིང་ཆེན་རིམ་པའི་ལས་འཁྱུར་ངལ་གསོ་བྱས་པའི་འགོ་ཁྲིད་རྒན་པ།ཡུན་ནན་དུ་སྡོད་པའི་རྒྱལ་ཡོངས་སྲིད་གྲོས་ཨུ་ཡོན།ཞིང་ཆེན་ཨུ་དང་ཞིང་ཆེན་སྲིད་གཞུང་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་མི་སྣ།ཞིང་ཆེན་ཁོངས་གཏོགས་ཁེ་ལས་ཆེ་གྲས་དང་། འབྲེལ་ཡོད་བྱ་ལས་སྡེ་ཚན་གྱི་འགན་འཁུར་བ།ཞིང་ཆེན་དབུས་ཀྱི་སྲབ་མཐུག་བཅའ་སྡོད་ལས་ཁུངས་ཀྱི་འགན་འཁུར་པ་སོགས་ཀྱིས་གདན་ཞུས་ལྟར་ཚོགས་འདུར་ཞུགས།