《བོད་ལྗོངས་ལོ་རྒྱུས་ཆེན་མོ》ལ་སྐབས་བཞི་བའི་ཀྲུང་གོའི་དཔེ་སྐྲུན་སྲིད་གཞུང་བྱ་དགའ་ཐོབ།

རྩོམ་པ་པོ།   མི་གསལ།  ཡིག་བསྒྱུར།       དུས་ཚོད།   2018-01-26   རྩོམ་ཁུངས།    མཚོ་སྔོན་པོའི་དྲ་བ།

    


    ཉེ་ཆར། རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཅུས《སྐབས་བཞི་བའི་ཀྲུང་གོའི་དཔེ་སྐྲུན་སྲིད་གཞུང་བྱ་དགའི་གཟེངས་བསྟོད་གཏན་འཁེལ་སྐོར》ཁྱབ་སྒྲོག་བྱས་ཤིང་། ཀྲུང་གོའི་བོད་རིག་པའི་དཔེ་སྐྲུན་ཁང་གིས་པར་དུ་བསྐྲུན་པའི《བོད་ལྗོངས་ལོ་རྒྱུས་ཆེན་མོ》ལ་སྐབས་བཞི་བའི་ཀྲུང་གོའི་དཔེ་སྐྲུན་སྲིད་གཞུང་བྱ་དགའ་ཐོབ།
    ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱིས་འགན་ཁུར་བའི་རྒྱལ་ཁབ་ཀྱི་ཚན་ཞིབ་བརྗོད་གཞི་གནད་ཆེན《བོད་ལྗོངས་ལོ་རྒྱུས་ཆེན་མོ》ནི་རྒྱལ་ནང་དུ་ཐོག་དང་པོའི་བོད་ལྗོངས་ཀྱི་ས་གནས་ལོ་རྒྱུས་ཆ་ཚང་བའི་སྒོ་ནས་མཚམས་སྦྱོར་གནང་བའི་ལོ་རྒྱུས་ཆེན་མོའི་བརྩམས་ཆོས་ཤིག་ཡིན་ཞིང་། བོད་རིག་པའི་ཆེད་མཁས་པ100ལ་ཉེ་བས་ལོ་ངོ14ལ་འབད་བརྩོན་བྱས་ཏེ་ལེགས་འགྲུབ་བྱུང་བ་ཡིན། དཔེ་དེབ་ཧྲིལ་བོར་ཡིག་འབྲུ་ཁྲི850ལྷག་དང་། དེར་སྔ་རབས་དང་ཐུ་བྷོད། སུང་རྒྱལ་རབས། ཡོན་རྒྱལ་རབས། མིང་རྒྱལ་རབས། ཆིན་རྒྱལ་རབས། མིན་ཀུའོ། དེང་རབས་སོགས་དེབ13འདུས། དཔེ་དེབ་ཧྲིལ་བོར་རྒྱལ་ཁབ་ཕྱི་ནང་གི་བོད་རིག་པའི་ཞིབ་འཇུག་གྲུབ་འབྲས་དང་། རྒྱལ་རབས་རིམ་བྱུང་གི་བོད་ལྗོངས་ས་གནས་འཕེལ་རྒྱས་གཏན་འཇགས་དང་སྤྱི་ཚོགས་བཅོས་སྐྱོང་གི་གཞི་རྩའི་ཆོས་ཉིད་དང་རྒྱལ་ཕམ་ཐོབ་ཤོར་ཕྱོགས་ཡོངས་ནས་སྤྱི་བསྡོམས་དང། ཀྲུང་གོའི་མི་རིགས་སོ་སོའི་དབར་ཕན་ཚུན་འབྲེལ་འདྲིས་ཀྱི་ལོ་རྒྱུས་ཉམས་མྱོང་བཏོན་ལ། ཅུང་ཞན་པའི་ཞིབ་འཇུག་ཁྱབ་ཁོངས་ཀྱི་སྟོང་ཆ་བསྐངས་པ་དང་། ཀྲུང་གོའི་བོད་ལྗོངས་ལོ་རྒྱུས་ཞིབ་འཇུག་གི་གྲུབ་འབྲས་མཚོན་པར་བྱས།
    ཀྲུང་གོའི་དཔེ་སྐྲུན་སྲིད་གཞུང་བྱ་དགའ་ནི་རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་ཁྱབ་ཁོངས་ཀྱི་ཆེས་མཐོ་བའི་བྱ་དགའི་རྣམ་གྲངས་ཤིག་ཡིན་ལ། གཙོ་ཆེར་གསར་འགྱུར་དཔེ་སྐྲུན་ལས་རིགས་ཀྱི་ཕུལ་བྱུང་དཔེ་སྐྲུན་བརྩམས་ཆོས་དང་དཔེ་སྐྲུན་ལས་ཁུངས། མི་སྒེར་བཅས་ལ་གཟེངས་བསྟོད་དང་སྐུལ་ལྕགས་གནང་བ་དང་། འདི་ནི་ཀྲུང་གོའི་བོད་རིག་པའི་དཔེ་སྐྲུན་ཁང་ལ་ཐེངས་གསུམ་པར་བྱ་དགའ་འདི་ཐོབ་ཅིང་། 《བོད་ལྗོངས་ལོ་རྒྱུས་ཆེན་མོ》ལ་སྐབས་བཞི་བའི་ཀྲུང་གོའི་དཔེ་སྐྲུན་སྲིད་གཞུང་བྱ་དགའ་ཐོབ་པ་འདིས་བོད་རིག་པའི་ཞིབ་འཇུག་པས་དུས་རབས་གསར་བར་འབད་བརྩོན་ལྷོད་མེད་དང་། ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཀྱི་གསར་སྐྲུན་རང་བཞིན་གཞན་བསྒྱུར་དང་གསར་གཏོད་རང་བཞིན་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་མུ་མཐུད་དུ་གྲུབ་འབྲས་གཟེངས་སུ་ཐོན་པ་ལེན་པར་སྔར་ལས་སྐུལ་ལྕགས་གནང་།